ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥུའུ་ཅན་ཞ་མིན་ནས་ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་ཀྲིན་དབྱི་རོང་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་པའི་ཚེས་གསུམ་ཉིན། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་ཧྥུའུ་ཅན་ཞ་མིན་ནས་ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་ཀྲིན་དབྱི་རོང་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་བཤད་དོན། ཀྲུང་གོ་དང་ཧན་གོའི་འབྲེལ་བ་དེ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་གལ་ཆེན་དང་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་གྲོས་མོལ་གྱི་རྣམ་པར་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དེ་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། ཁེ་ཕན་མཉམ་བསྲེས་མཉམ་དུ་རྒྱ་བསྐྱེད་པ་དང་འཕེལ་རྒྱས་སུ་བཏང་སྟེ་ཀྲུང་གོ་དང་ཧན་གོའི་འབྲེལ་བ་བབ་བསྟུན་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཀྲིན་དབྱི་རོང་གིས་བཤད་དོན། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཀྲུང་གོའི་མཐོ་རིམ་མགོ་ཁྲིད་པར་འབྲེལ་འདྲིས་དམ་པོ་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་ལས་དོན་ཁྲོད་དུ་མུ་མཐུད་ནས་ནུས་པ་གལ་ཆེན་འདོན་པར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།