ཞི་ཅིན་ཕིང་གིས་ཐེ་ཝན་གྱི་མེ་འཁོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་བཞི་པའི་ཚེས་གཉིས་ཉིན། ཐེ་ཝན་གྱི་མེ་འཁོར་ལྕགས་ལམ་ལས་བརྒལ་ནས་མི་སྣར་ཤི་རྨས་ཚབས་ཆེན་ཐེབས་པའི་དོན་རྐྱེན་ལ་ཐུགས་ཁུར་གནང་བར་མ་ཟད། རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུས་ཏེ། ཚེ་འདས་ཀྱི་ཁྱིམ་མི་དང་རྨས་ཕོག་པའི་སྤུན་ཟླར་ལྷག་བསམ་ཟོལ་མེད་སྒོས་འཚམས་འདྲི་མཛད་ནས། ཁོ་ཚོ་སྔ་མོར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།