ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ས་གནས་སོ་སོ་ནས་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་པའི་ཚེས་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་མི་ཚང་མ་ལྗང་མདོག་ལ་དགའ་བ་དང་སྡོང་འཛུགས་ལ་དགའ་བ། ལྗང་མདོག་ལ་སྲུང་སྐྱོབ་བྱེད་པར་དགའ་བ་བཅས་ཀྱི་དཔལ་ཡོན་གོམས་སྲོལ་དར་སྤེལ་དུ་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡིན་པའི་ཁྱིམ་གཞི་ཡག་པོ་མཉམ་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེར་ས་གནས་སོ་སོ་ནས་ཚུར་སྣང་ཆེན་པོ་བྱུང་། ཚང་མས་བསྟན་དོན། སྡོང་འཛུགས་ནགས་སྐྲུན་དང་མེས་རྒྱལ་ལྗང་སྒྱུར་བྱེད་པའི་འོས་འགན་འདུ་ཤེས་བརྟན་པོ་བཙུགས་ཏེ། མུ་མཐུད་དུ་སྡོང་འཛུགས་བྱ་བར་ཤུགས་སྣོན་དང་རིམ་པ་བཞིན་བྱས་རྗེས་བཞག་ནས། མེས་རྒྱལ་གྱི་རི་ལྗང་ཆུ་དྭངས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཟེར།

སྡོང་བོར་དགའ་བ་དང་སྡོང་འཛུགས་ལ་དགའ་བ། སྡོང་བོར་སྲུང་སྐྱོབ་བྱེད་པར་དགའ་བ་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་ཡིན། ཚེས་གཉི་ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་པེ་ཅིང་ཁྲའོ་དབྱང་ཆུའུ་ཝུན་ཡུས་ཧི་རུ་ཕེབས་ནས། རྒྱལ་སའི་མང་ཚོགས་དང་ལྷན་དུ་འོས་འགན་སྡོང་འཛུགས་བྱས། འདི་ནི་སྤྱི་ཁྱབ་ཧྲུའུ་ཅིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་བཟུང་བསྟུད་མུར་ལོ་དགུའི་རིང་ལག་ལེན་དངོས་ཀྱི་ཁྲོད་ཞུགས་ཏེ། མེས་རྒྱལ་གྱི་ས་གཞིའི་ཕང་བར་ལྗང་མདོག་གི་ཚེ་སྲོག་བསྣན་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།