ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་པའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་གློག་འཕྲིན་བཏང་སྟེ་ཁོ་ལ་པྲོག་དབྱིབས་ནད་དུག་འགོས་པར་འཚམས་འདྲི་ཞུས་པ་དང་སྔ་མོ་ནས་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་ཡིན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་དང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པ་ཡིན། ངས་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཙུང་ཐུང་ཨ་ཨར་ཝེ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྔར་ལས་དམ་པོའི་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་གློག་འཕྲིན་བཏང་སྟེ་ཁོ་ལ་པྲོག་དབྱིབས་ནད་དུག་འགོས་པར་འཚམས་འདྲི་ཞུས།