ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བྱང་གིས་སེམས་ཤུགས་གཅིག་སྒྲིལ་དང་གསར་སྐྲུན་དངོས་སྒྲུབ་བྱས་ཏེ་བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱས་འཛོམས)གྲོས་ཚོགས་བསྡུ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་དངོས་འབེབས་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

མཚོ་བྱང་ཁུལ་གྱིས་དངོས་གནས་གསུང་བཤད་ཀྱི་དགོངས་དོན་དེ་འཕེལ་རྒྱས་ལ་ཇུས་འགོད་དང་བྱ་བར་མཛུབ་སྟོན་བྱེད་པའི་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་དུ་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པར་ཟུང་དུ་སྦྲེལ་ཞིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དང་ཟུང་དུ་སྦྲེལ་ཏེ། དགོངས་དོན་གྱི་ངོ་བོ་ཤེས་རྟོགས་གཏིང་ཟབ་དང་དགོངས་དོན་གྱི་སྙིང་པོ་ཁོང་དུ་ཆུད་པར་བྱས་ཤིང་། རེ་རེ་བཞིན་ཇུས་འགོད་དང་རེ་རེ་བཞིན་སྐུལ་སྤེལ། རེ་རེ་བཞིན་དངོས་འབེབས་བཅས་བྱས་ཏེ། མཚོ་བྱང་གི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་ཡོང་བའི་ཁྱབ་ཁོངས་སོ་སོ་དང་ལྷུ་ཚིགས་སོ་སོར་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱས་ཡོད་ཅིང་། སེམས་ཤུགས་གཅིག་སྒྲིལ་དང་གསར་སྐྲུན་དངོས་སྒྲུབ་བྱས་ཏེ། བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བྱས།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས།ཆེད་དོན་སློབ་སྦྱོང་དང་ཆེད་དོན་ཞིབ་འཇུག་དཔྱད་གླེང་སྤེལ་བ་དང་། རིམ་པ་སོ་སོའི་ཏང་གི་སློབ་གྲྭ(སྲིད་འཛིན་སློང་གླིང)ཡིས་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་དེ་སློབ་གསོ་དང་གསོ་སྦྱོང་གི་ངེས་སྦྱོང་སློབ་ཚན་དུ་བརྩིས་པ་དང་། འཛིན་གྲྭ་སོ་སོའི་གསོ་སྦྱོང་གི་ནང་དོན་གཙོ་བོར་བཞག་ནས། ཏང་ཡོན་ལས་བྱེད་པ་རྣམས་རྩ་འཛུགས་བྱས་ནས་དགོངས་དོན་ངོ་བོར་ནན་ཏན་གྱིས་སློབ་སྦྱོང་དང་ཤེས་རྟོགས་བྱེད་དུ་བཅུག རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་གིས་གསར་འགྱུར་སྨྱན་བྱད་རྩ་འཛུགས་བྱས་ཏེ་དྲིལ་སྒྲོག་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། གསུང་བཤད་ཀྱི་དགོངས་དོན་ལས་ཁུངས་དང་རོང་འབྲོག་ཁུལ། སྡེ་ཁུལ། ཁེ་ལས།དགོན་པ་བཅས་སུ་ཁྱབ་པར་སྐུལ་འདེད་བཏང་ཞིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། འཐབ་ཕྱོགས་སོ་སོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་དུས་ལྟར་སྤེལ་ཏེ། དཔེ་མཚོན་ཅན་གྱི་ཉམས་མྱོང་སྤྱི་བསྡོམས་དང་ཁྱབ་གདལ་དུ་བཏང་། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དང་ཟུང་དུ་སྦྲེལ་ཞིང་། “ལྔ་བཅུ་བཞི”འཆར་འགོད་ལ་མགོ་ལེགས་པོ་རྩོམ་པ་དང་གོམ་པ་ལེགས་པོ་སྤོ་བའི་བྱ་བར་སྐུལ་འདེད་དང་དོན་འཁྱོལ་བྱེད་པ་དང་ཟུང་དུ་སྦྲེལ་ལ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་གཏོང་བར་སྦྲེལ་མཐུད་ལེགས་པོ་ཡོང་བ་དང་ཟུང་དུ་སྦྲེལ་བ། ཁུལ་དང་རྫོང་། ཞང་བཅས་ཀྱི་སྐབས་བརྗེའི་བྱ་བ་དང་ཟུང་དུ་སྦྲེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཟུང་དུ་སྦྲེལ་བ། ད་ལྟ་སྤེལ་བཞིན་པའི་བྱ་བ་སྣ་ཚོགས་དང་ཟུང་དུ་སྦྲེལ་བ་བཅས་བྱས་ཏེ། རྩེ་རིམ་ཇུས་འགོད་ཤུགས་ཆེར་བཏང་ཞིང་། ལག་ལེན་དངོས་འབེབས་དམ་འཛིན་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།