ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་སི་ཁྲོན་དུ་གྲོང་གསེབ་འཛུགས་སྐྲུན་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཚེས1ཉིན་སི་ཁྲོན་ཞིང་ཆེན་ལུའུ་ཀྲིག་གྲོང་ཁྱེར་དུ་གྲོང་གསེབ་འཛུགས་སྐྲུན་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས“ཚོགས་ཆེན་གཉིས”ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གོ་གནས་གལ་ཆེན་དུ་འཇོག་པ་དང་། འཆར་འགོད་སྔོན་དུ་གཏོང་བ་དང་ལག་བསྟར་བརྟན་འཇགས་བྱེད་པ། ཤུགས་ཆེན་པོས་གནས་འཚམ་ལས་འཚམ་གྱི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན། 

ཧུའུ་ཁྲུན་ཧྭ་ལུའུ་རྫོང་ཡུས་སི་གྲོང་རྡལ་དང་། ཡུས་ཁྲན་སྲང་ལམ་སོགས་སུ་སོང་ནས། ཡུལ་དངོས་སུ་སྡེ་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་།དེ་མིན་ཞིང་སྡེའི་ཁང་སའི་བཅོས་བསྒྱུར་དང་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཞིང་བ་མང་ཚོགས་ལ་འཚམ་འདྲི་བྱས། ཁོས་བསྟན་དོན། ད་ལོ་ནི་གྲོང་གསེབ་འཛུགས་སྐྲུན་གྱི་ལོ་དང་པོ་ཡིན་ཞིང་། ངེས་པར་དུ་གོམ་པ་དང་པོ་ལེགས་པོར་སྤོ་དགོས་པ་དང་། མུ་མཐུད་དུ་ཐོན་སྐྱེད་འཚོ་བའི་སྐྱེ་ཁམས་བར་སྟོང་ཇེ་ལེགས་སུ་བཏང་སྟེ། ཞིང་སྡེའི་རྣམ་པ་དང་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་དགོས་ཞེས་བསྟན། 

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། འཆར་འགོད་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བ་དང་། མགྱོགས་མྱུར་སྒོས་ཞིང་སྡེ་འཆར་འགོད་བྱ་བར་སྐུལ་འདེད་གཏོང་དགོས་པ་མ་ཟད། འཆར་འགོད་རིགས་དབྱེའི་སྒོས་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། ཞིང་སྡེའི་ཁྱད་ཆོས་ལྡན་པའི་རྣམ་པ་སོར་འཇོག་དང་ཞིང་བའི་འདོད་བློར་བརྩི་མཐོང་བྱེད་པ། དེ་མིན་བཤིག་སྐྲུན་ཆེན་པོ་བྱེད་མ་རུང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་གནད་གཏན་འཁེལ་བྱས་ནས། སྤྱི་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་གཙོ་གནད་དེ་ཞིང་སྡེ་རུ་འཇོག་དགོས། རྫོང་ཁོངས་དེ་སྤྱི་བའི་སྡེ་ཚན་དུ་བྱས་ཏེ་མཁར་ཤང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་སྤྱི་བའི་ཞབས་ཞུའི་མཁོ་འདོན་གྱི་རྫོང་དང་ཤང་། སྡེ་བར་གཅིག་གྱུར་བྱེད་པ་ཤུགས་དྲག་ཏུ་བཏང་སྟེ། རིམ་བཞིན་ཚད་གཞི་གཅིག་གྱུར་དང་སྒྲིག་སྲོལ་མཉམ་བསྐྱོད་མངོན་འགྱུར་བྱེད་དགོས།  ཡུལ་བབ་དང་བསྟུན་ནས་ཞིང་སྡེའི་སྤྱོད་ཁང་གསར་བརྗེ་དང་འཚོ་བའི་གད་སྙིགས་ཐག་གཅོད་ཀྱི་ཡུན་ཕན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཁང་སའི་སྒྲིག་སྲོལ་བཅོས་བསྒྱུར་ཚོད་ལྟར་སྐུལ་འདེད་བཏང་ནས། རྨང་གཞི་བྱ་བ་ལེགས་པོར་སྒྲུབ་པ་དང་ཞིང་བ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།