ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་རེའུ་ལི་གྲོང་ཁྱེར་གྱི་ཅེ་ཀའོ་ཀོ་མིན་སྡེ་ཁུལ་སོགས་ས་ཁུལ5​ཉེན་འབྲིང་ས་ཁུལ་དུ་གཏན་ཁེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུན་ནན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་གཞུང་ཕྱོགས་པོད་ཕྲན་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཟླ4པའི་ཚེས1ཉིན་རེའུ་ལི་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་བརྡ་ཐོ་བཏང་སྟེ། རེའུ་ལི་གྲོང་ཁྱེར་གྱི་ཅེ་ཀའོ་ཀོ་མིན་སྡེ་ཁུལ་སོགས་ས་ཁུལ5ཉེན་འབྲིང་ས་ཁུལ་དུ་གཏན་ཁེལ་བྱས།

རེའུ་ལི་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་སྔོན་འགོག་ཚོད་འཛིན་ཆེད་མཁས་ཚོགས་པའི་དཔྱད་འཇོག་བྱས་པ་བརྒྱུད། 2021ལོའི་ཟླ4པའི་ཚེས1ཉིན་གྱི་དུས་ཚོད19ནས་བཟུང་རེའུ་ལི་གྲོང་ཁྱེར་ལ་ཉེན་འབྲིང་ས་ཁུལ5གཏན་ཁེལ་བྱས་ཡོད་དེ། དེ་དག་ནི་རུའེ་ལི་གྲོང་ཁྱེར་གྱི་ཅེ་ཀའོ་ཀོ་མིན་སྡེ་ཁུལ་དང་། མེང་མའོ་གྲོང་རྡལ་ཤིན་ཧྲེང་དུས་རབས་གཞིས་ཁུལ། རུའེ་ཅིང་ལམ་གྱི་ས་ཕག་བཟོ་གྲྭ། ཤིན་ཧོ་ལན་ཝན་གཞིས་ཁུལ། མཐུན་སྒྲིལ་གྲོང་ཚོ་ཨུ་ལྷན་གྱི་ཅིན་ཁན་གྲོང་མིའི་ཚོགས་ཆུང་བཅས་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།