ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་ཀྱི་མཇུག་བསྡུའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས1ཉིན། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན།  རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད།  ཉེ་བའི་ལོ་འདི་དག་ལ། ས་གནས་སོ་སོ་དང་། ས་ཁུལ་སོ་སོ། འབྲེལ་ཡོད་ཀྱི་ལས་ཁུངས་སོ་སོ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅས་ཀྱིས་རྒྱུན་ཆད་མེད་པར་འགག་སྒྲོལ་དཀའ་སེལ་བྱས་ཏེ། ལས་དོན་དེར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ནས། ལོ་མང་རིང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་དང་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་གནད་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཡོད།  དཀའ་སྤྱད་འབད་བརྩོན་གནང་མཁན་གྱི་བློ་མཐུན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། འགན་འཁྲི་སྔར་ལས་ནན་དུ་གཏོང་བ།  ཡུལ་བབ་དང་བསྟུན་པ་དང་ཁེ་ལས་ཀྱི་ཐབས་ཇུས་ལག་བསྟར་ལ་བརྟེན་ནས་ལྷག་པའི་དཀའ་གནད་ཐག་གཅོད་ཡག་པོ་བྱེད་པ་དང་།  འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་པའི་མཇུག་བསྡུའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོར་སྒྲུབ་ཏེ། བཅོས་སྒྱུར་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཉེན་ཁ་སེལ་བ་དང་མངོན་མེད་རྐྱེན་ངན་སྔོན་འགོག་བྱས་ནས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་དང་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན། 

རྒྱལ་དོན་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་འགོ་ཁྲིད་ཚོན་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཡུང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་བ་རེད། ཁོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཏེ། འགན་འཁྲི་དང་བྱེད་ཐབས་སྔར་བས་ཤུགས་ཆེར་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། བཅོས་སྒྱུར་མཇུག་བསྡུའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་མངོན་འགྱུར་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

ཝང་ཡུང་གིས་བཤད་རྒྱུར།  རྒྱལ་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་པའི་ལས་འགན་གཙོ་བོ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་མོད། འོན་ཀྱང་རྗེས་མཐུད་ལས་དོན་སྔར་བཞིན་ཧ་ཅང་ལྕི་པོ་ཡོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་ཁེ་ལས་བཅོས་སྒྱུར་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ་དམ་འཛིན་བྱས་ནས།  འགན་འཁྲི་དོན་འཁྱོལ་བཟང་པོ་དང་མ་ལག་ཚང་བའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་ཁེ་ལས་གཅིག་ལ་ཇུས་གཞི་གཅིག་ཞིབ་ཕྲའི་ངང་བཟོ་བ་དང་། གཙོ་གནད་དང་དཀའ་གནད་འགག་སྒྲོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། བཅོས་སྒྱུར་ལས་འགན་དུས་བཀག་ལྟར་སྤུས་ཚད་མཐོ་བའི་ངང་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས།   ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ“ཕྱིར་མིག་ལྟ་བའི”བྱེད་སྒོ་སྤེལ་ནས་ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། བཅོས་སྒྱུར་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་དགོས། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཏང་གིས་ཕྱོགས་ཡོངས་ཀྱི་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཟུང་འབྲེལ་བྱས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་དང་ལས་བཟོ་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱས་ཏེ་བཅོས་སྒྱུར་ལ་བདེ་བླག་ངང་སྐུལ་འདེད་བརྟན་བརླིང་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་ཁེ་ལས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་བྱས། ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།