ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ3པའི་ཚེས31ཉིན་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ16གསར་སྣོན་བྱུང་བ་དང་དེའི་ནང་རང་ས་གནས་ཀྱི་ནད་པ6དང་ཚང་མ་ཡུན་ནན་དུ་ཡོད་པ་གཏན་འཁེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ4བའི་ཚེས1ཉིན་བསྒྲགས་པའི་བརྡ་ཁྱབ་ལྟར་ན།  ཟླ3པའི་ཚེས31ཉིན་གྱི་དུས་ཚོད0-24བར་ཞིང་ཆེན31(རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར།)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པར་གཞིགས་ན་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ16གསར་སྣོན་བྱུང་བ་གཏན་འཁེལ་བྱས་པ་དང་།  དེའི་ཁྲོད་དུ་ཕྱི་ནས་མཆེད་པའི་ནད་པ10(ཧྲང་ཧེ་རུ་ནད་པ3དང་ཀོང་ཏུང་དུ་ནད་པ3།  ཅང་སུའུ་རུ་ནད་པ2།  ནང་སོག་ཏུ་ནད་པ1།  ཧྲན་ཏུང་དུ་ནད་པ1བཅས)ཡོད་ལ།  རང་ས་གནས་ཀྱི་ནད་པ6ཡོད།(ཚང་མ་ཡུན་ནན་དུ་ཡོད།) ཤི་བའི་ནད་པ་དང་དོགས་གཞི་ཅན་གྱི་ནད་པ་གཅིག་ཀྱང་མེད།

ཉིན་དེེར་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ9དང་།  སྨན་བཅོས་ལྟ་ཞིབ་ལས་གྲོལ་བའི་འབྲེལ་འདྲིས་ཟབ་པའི་མི99།  ནད་གཞི་ལྕི་བའི་ནད་པ་ཉིན་སྔོན་མ་བཞིན་ཇེ་མང་དུ་སོང་མེད།

ད་ལྟ་གཏན་འཁེལ་བྱས་པའི་ཕྱི་ནས་མཆེད་པའི་ནད་པ172དང་།(དེའི་ཁྲོད་དུ་ནད་གཞི་ལྕི་བའི་ནད་པ2ཡོད།) དོགས་གཞི་ཅན་གྱི་ནད་པ3ཡོད།  རིམ་རྩིས་ལྟར་ན་གཏན་འཁེལ་བྱས་པའི་ནད་པ5300དང་།  སྨན་བཅོས་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ5128།  ཤི་བའི་ནད་པ་གཅིག་ཀྱང་མེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།