ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་མ་ལེ་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཧྲ་མུའུ་ཏིང་དང་གྲོས་མོལ་གནང་།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན། རྒྱལ་དོན་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཧྥུའུ་ཅན་ནན་ཕིང་དུ་མ་ལེ་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཧྲ་མུའུ་ཏིང་དང་གྲོས་མོལ་གནང་། 

ཝང་དབྱི་ཡིས་ཀྲུང་གོས་མ་ལེ་ཞི་ཡ་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་རིམས་ནད་རྗེས་ཀྱི་དུས་སུ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བད་མང་བའི་ཕན་ཁེ་དངོས་ཐོབ་ཏུ་འཇུག་པ་དང་། ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་དུས་བབ་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། གོང་འཕེལ། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཞི་ཧྲ་མུའུ་ཏིང་གིས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་མ་ཀྲུང་འབྲེལ་བ་དུས་མཚམས་གསར་བར་སླེབས་པར་སྐུལ་འདེད་གཏོང་དགོས་ལ། མངའ་ཁོངས་ཕྱིའི་སྟོབས་ཤུགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་ཁ་ཐོར་ཁ་བྲལ་དུ་གཏོང་བའི་རེ་ངན་ལེགས་འགྲུབ་འབྱུང་མི་སྲིད་ཅེས་བསྟན།

ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་མ་ལེ་ཞི་ཡའི་སྲིད་གཞུང་གི་ཀྲུང་མ་མཉམ་ལས་ཀྱི་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས་རིམས་ནད་རྗེས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་དགོངས་ཞུའི་དྲན་ཐོར》ཐུན་མོང་ཐོག་མིང་རྟགས་བཀོད་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།