ཧན་ཀྲིན་གྱིས་རྒྱལ་ཁབ་ཀྱི་མཁའ་ལམ་འགྲིམ་འགྲུལ་དོ་དམ་གྱི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་གཏོང་དགོས་ཞེས་བསྟན།

ཧན་ཀྲིན་གྱིས་རྒྱལ་ཁབ་མཁའ་དབྱིངས་འགྲིམ་འགྲུལ་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་སྐབས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བཟོས་ནས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་མཁའ་དབྱིངས་འགྲིམ་འགྲུལ་དོ་དམ་གྱི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་གཏོང་དགོས་ཞེས་བསྟན། 

 མི་དམངས་ཉིན་རེའི་ཚགས་པར་གྱི་འཕྲིན། ཟླ3པའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཁའ་ལམ་འགྲིམ་འགྲུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཧན་ཀྲིན་དམངས་སྤྱོད་མཁའ་འགྲུལ་ཅུས་མཁའ་འགྲུལ་དོ་དམ་ཅུས་འཁོར་སྐྱོད་དོ་དམ་ལྟེ་གནས་དང་། མཁའ་འགྲུལ་གནམ་གཤིས་ལྟེ་གནས། མཁའ་འགྲུལ་གསང་འཕྲིན་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་ནས། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་འཁོར་སྐྱོད་དོ་དམ་དང་། གནམ་གཤིས་ཞབས་ཞུ། མཁའ་འགྲུལ་གསང་འཕྲིན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་རྒྱུས་ལོན་གནང་བ་རེད།

ཧན་ཀྲིན་གྱིས་དམངས་སྤྱོད་མཁའ་འགྲུལ་ཅུས་འཁོར་སྐྱོད་དོ་དམ་ལྟེ་གནས་སུ་བརྟག་ཞིབ་གནང་བ། 

ཧན་ཀྲིན་གྱིསབསྟན་དོན། མཁའ་ལམ་འགྲིམ་འགྲུལ་དོ་དམ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་འགན་ལེན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་མཁའ་ལམ་འགྲིམ་འགྲུལ་དོ་དམ་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འབྲེལ་ཡོད་ཆེད་དོན་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོས་ནས་མིག་སྔར་དང་རྒྱང་རིང་ལ་སྤྱི་འདོམས་དམ་འཛིན་བྱེད་དགོས་ལ། དམིགས་ཚད་ལས་འགན་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་སྔར་བས་འཐུས་ཚང་དུ་གཏོང་དགོས། མཁའ་ལམ་འགྲིམ་འགྲུལ་དོ་དམ་ལ་ཆེད་ལས་རང་བཞིན་དང་ལག་རྩལ་རང་བཞིན་ཆེ་བས། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར་ངེས་པར་དུ་ཆོས་ཉིད་ལ་བརྩི་འཇོག་དང་ཚན་རིག་ལ་བརྩི་འཇོག་བྱས་ནས་ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་མཁའ་ལམ་འགྲིམ་འགྲུལ་བདེ་འཇགས་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། དོ་དམ་ཁྲོད་ཀྱི་ཞན་ཆ་དང་གཉོམ་ཆར་དམིགས་ནས་མ་དངུལ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་མཁའ་ལམ་འགྲིམ་འགྲུལ་དོ་དམ་མ་ལག་གི་འདེགས་སྐྱོར་འགན་ལེན་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་བསྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རང་རྒྱལ་དེ་མཁའ་འགྲུལ་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།