ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་སོགས་ཀྱིས“ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་བའི”སྔོན་ཐོན་མཛད་རྗེས་ཁྱབ་སྒྲོག་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཤུགས་ཆེན་པོས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་དར་སྤེལ་བཏང་སྟེ། སྐྱེ་ཁམས་ནགས་སྲུང་བས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་དབུལ་ཐར་འབབ་འཕར་གྱི་མི་སེམས་འགུལ་བའི་གཏམ་རྒྱུ་དང་གཏོང་ཕོད་ཀྱི་སྙིང་སྟོབས་ལེགས་པོར་བརྗོད་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ནོར་སྲིད་པུའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་བཅས་ཀྱིས་ཉེ་ཆར“ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་བའི”སྔོན་ཐོན་མཛད་རྗེས་ཁྱབ་སྒྲོག་བྱས། 

ཝང་མིན་ཧའེ་དང་ཀྲུའུ་ཧྲིན་ཡུས། རྡོ་དཀོན། སུན་ཧྲའོ་པིན། ཁྲིན་ཀང་། ཁྲིན་ལིས་ཀྲི། མའེ་མའེ་ཐི་མའེ་ཐི་ཐུའུ་སུན། ཝང་ཡུང་ཧྲིན། ལིས་ཡུས་ཧྭ། ཝུའུ་ཧྲུའུ་དབྱང་། ཡོས་ཏིན་ཀའོ། ཕང་ཅིན་ལུང་། ཐའོ་ཅིག་ལིན། ཅཱ་ཉི་མ། ཀའོ་ཡུས་ཀྲུང་། ཧའེ་མིན་ཀོས། ཧོང་ཡུང་ཅན། ལན་ཞན་ཧྭ། ཙིན་ཡུས་མའེ། ཐན་ཀྲིག་ལིན་བཅས“ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་བའི”མཚན་སྙན་ཐོབ་པའི་བློ་མཐུན20ནི་དབུལ་ཐར་འགག་སྒྲོལ་གྱི་གཡུལ་འཐབ་ཁྲོད་འབུར་ཏུ་ཐོན་པའི་སྔོན་ཐོན་དཔེ་མཚོན་ཡིན་ཞིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློར་དད་འདུན་ཡོད་མཁན་དང་ལག་ལེན་བྱེད་མཁན། དཀའ་སྤྱད་འབད་བརྩོན་བྱེད་མཁན་བཅས་ཡིན། ཁོ་ཚོས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ཏེ། དུས་ཡུན་རིང་བོར་ནགས་སྲུང་དང་རྩྭ་སྲུང་བྱེ་འགོག་གི་ཡུལ་དངོས་སུ། རི་ཀླུང་གཞིས་ཁྱིམ་དང་ནགས་ཚལ་གྲོགས་སུ་བསྟེན་ཏེ། དཀའ་སྤྱད་སྡུག་རུས་དང་འགན་ནུས་ལག་བསྟར་བྱས་ནས། མེས་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་སྟོབས་ཤུགས་ཕུལ་ཞིང་། ཁོ་ཚོས་དབུལ་ཐར་འགག་སྒྲོལ་གྱི་ཡུལ་དངོས་སུ་དཀའ་བ་དང་དུ་བླངས་ཏེ། སྐྱེ་ཁམས་ཁ་གསབ་དབུལ་སྐྱོར་གྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་འབབ་འཕར་གཉིས་མངོན་འགྱུར་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།