ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་གི་ཀྲུའུ་ཞི་ཙན་ཏིན་ཧྲ་ཐི་ཨར་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་གི་ཀྲུའུ་ཞི་ཙན་ཏིན་ཧྲ་ཐི་ཨར་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་དུ་འགྲོ་འོང་དང་འབྲེལ་འདྲིས་མང་ཞིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་སོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲུབ་འབྲས་ལེགས་པོ་ཐོབ་ཡོད་ལ། མི་དམངས་བར་གྱི་བརྩེ་སེམས་ཉིན་རེར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པས། ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་བར་ལ་རིམས་འགོག་མཉམ་ལས་ཀྱི་དཔེ་སྟོན་ནུས་པ་བཏོན་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆགས་པར་བྱས། པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་འགོས་ཁྱབ་ཏུ་འགྲོ་བའི་དུས་སྐབས་སུ། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་བཏོན་པ་དང་རྩྭ་ཐང་བགྲོད་ལམ་གྱི་གྲོས་མགོ་བཏོན་པ་མྱུར་དུ་འབྲེལ་མཐུད་དང་དངོས་འབེབས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་བར་དུ་ཡུན་རིང་ལ་མཛའ་མཐུན་འགྲོ་འོང་སྲུང་འཛིན་བྱེད་པ་ཡིན། གནས་བབ་གསར་པའི་འོག་ཏུ། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་མུ་མཐུད་དུ་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དང་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་མཐུན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཙན་ཏིན་ཧྲ་ཐི་ཨར་གྱི་བཤད་དོན། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག མོང་གོལ་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས། མོང་གོལ་དང་ཀྲུང་གོས་ཕན་ཚུན་ལ་རོགས་རེས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་བཏང་། མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། མོང་གོལ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།