ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས31ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞུང་ཕྱོགས་དྲ་ཚིགས་སྟེང་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་གནས་ཚུལ་གསར་བ་ཁྱབ་བསྒྲགས་བྱས། ཟླ3པའི་ཚེས30ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24བར་དུ་ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར།)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པར་གཞིགས་ན་པྲོག་གསར་ནད་པ11གསར་སྣོན་བྱུང་བ་དང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ5(ཀོང་ཏུང་དུ་ནད་པ2དང་། ཧྥུའུ་ཅན་དུ་ནད་པ1། ཧི་ནན་དུ་ནད་པ1། ཧྲའན་ཞི་རུ་ནད་པ1བཅས)ཡོད་ལ། རང་སའི་ནད་པ6(ཚང་མ་ཡུན་ནན་དུ་ཡོད)ཡོད། ཤི་བའི་ནད་པ་མེད་ལ། པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ1ཇེ་མང་དུ་སོང་ལ། དེ་ནི་ཕྱི་ནས་མཆེད་པ(ནང་སོག)ཡིན།
ཉིན་དེར་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ4ཡོད་པ་དང་། གསོ་རིག་གི་ལྟ་ཞིབ་ལས་གྲོལ་བའི་འབྲེལ་འདྲེས་ཟབ་པའི་མི552ཡོད་ལ། ནད་གཞི་ལྕི་མོ་ཕོག་མཁན་ཉིན་སྔོན་མ་ལས1ཇེ་མང་དུ་སོང་ཡོད།
ཕྱི་ནས་མཆེད་པའི་ནད་པ་ད་ལྟ171ཡོད་པ་དང་པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ3ཡོད། བསྡོམས་པས་གཏན་འཁེལ་བྱས་པའི་ནད་པ5290དང་བསྡོམས་པས་ནད་བཅོས་ལས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་བུད་པ5119ཡོད་ལ་ཤི་བའི་ནད་པ་མེད།
ཟླ3པའི་ཚེས30ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན(རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར།)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པར་གཞིགས་ན། ད་ལྟ་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ180ཡོད་པ་དང་། བསྡོམས་པས་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ85385ཡོད། བསྡོམས་པས་ཤི་བའི་ནད་པ4636དང་། ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས90201ཡོད། ད་ལྟ་པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ3ཡོད། བསྡོམས་པས་རྗེས་འདེད་བྱས་པའི་འབྲེལ་འདྲེས་ཟབ་པའི་མི989470ཡོད་ལ། སྔར་བཞིན་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་འབྲེལ་འདྲེས་ཟབ་པའི་མི4792ཡོད།
ཞིང་ཆེན(རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར།)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པའི་ནད་རྟགས་མེད་པའི་ནད་པ8ཇེ་མང་དུ་སོང་ཡོད་ལ། དེའི་ནང་ཕྱི་ནས་མཆེད་པའི་ནད་པ5དང་རང་སའི་ནད་པ3(ཚང་མ་ཡུན་ནན་དུ་ཡོད)ཡོད། ཉིན་དེར་པྲོག་གསར་གློ་ཚད་ཀྱི་ནད་པར་གཏན་འཁེལ་བྱས་པ་མི2དང་། ཉིན་དེར་གསོ་རིག་ལྟ་ཞིབ་ལས་གྲོལ་བའི་མི14ཡོད། སྔར་བཞིན་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་པ255ཡོད།
ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ས་ཁུལ་གྱིས་སྙན་ཞུ་བྱས་པའི་ནད་པ་བསྡོམས་པས12533དང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ11461(སྨན་ཁང་ལས་བུད་པའི་ནད་པ11085དང་ཤི་བའི་ནད་པ205ཡོད)དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ48(སྨན་ཁང་ལས་བུད་པའི་ནད་པ48ཡོད)། ཐའེ་ཝན་ས་ཁུལ་དུ་ནད་པ1024(སྨན་ཁང་ལས་བུད་པའི་ནད་པ981དང་ཤི་བའི་ནད་པ10ཡོད)བཅས་ཡོད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ3པའི་ཚེས30ཉིན་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ11གསར་སྣོན་བྱུང་བ་དང་དེའི་ནང་རང་སའི་ནད་པ6ཡོད་པར་བསྟན་པ།