ཟླ3པའི་ཚེས31ཉིན་གྱི་ཆུ་ཚོད0ནས་བཟུང་། ཞེང་ཚད་སྨི500ཅན་གྱི“ཀྲུང་གོའི་ཐེན་ཡན”(ཟླུམ་གཟུགས་འཕྲོ་འོད་རྒྱང་ཤེལ་ཏེ་དབྱིན་ཡིག་སྐུང་མིངFAST)གྱིས་གོ་ལ་ཧྲིལ་བོའི་གནམ་རིག་ཆེད་མཁས་པར་ལྟ་ཞིབ་ཚད་ལེན་གྱི་རེ་ཞུ་འཚོལ་བསྡུ་བྱས་ཤིང་། ཕྱི་རྒྱལ་གྱི་རེ་ཞུ་རྣམ་གྲངས་ཚང་མ་གཅིག་གྱུར་སྒོས་ཞིབ་དཔྱད་བྱས་ནས་ཞིབ་དཔྱད་འབྲས་བུ་ཟླ7པའི་ཚེས20ཉིན་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ལྟ་ཞིབ་ཚད་ལེན་གྱི་དུས་ཚོད་ཟླ8པར་མགོ་ཚུགས་རྒྱུ་རེད།
“ཀྲུང་གོའི་ཐེན་ཡན”ནི་མིག་སྔའི་འཛམ་གླིང་སྟེང་གི་ཆེས་ཆེ་ཞིང་ཚོར་བ་ཆེས་རྣོན་པའི་ཁ་ཞེང་རྐྱང་པའི་གློག་རླབས་རྒྱང་ཤེལ་ཡིན་ཞིང་། དེས་འོད་ལོ་དུང་ཕྱུར100ལྷག་གི་ཕྱིའི་གློག་སྡུད་བརྡ་རྟགས་བསྡུ་ལེན་བྱེད་ཐུབ།
2020ལོའི་ཟླ1པོར་རྒྱལ་ནང་དུ་སྒོ་དབྱེ་འཁོར་སྐྱོད་བྱས་ཚུན། རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་ཚན་ཞིབ་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དེའི་འཁོར་སྐྱོད་བརྟན་ཞིང་བློས་འགེལ་ཆོག་པ་ཞིག་ཡིན། ད་བར་དུ་རྩ་འཕུར་སྐར་མ300ལྷག་ཤེས་རྟོགས་བྱུང་ཡོད་ལ། མགྱོགས་མྱུར་གློག་གཏོང་འབར་གས་སོགས་ཀྱི་ཞིབ་འཇུག་ཁྱབ་ཁོངས་སུ་ཚད་བརྒལ་ཆེན་པོ་བྱུང་ཡོད།
ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་རིག་སྡིངས་ཁང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། “ཀྲུང་གོའི་ཐེན་ཡན”འཛམ་གླིང་ལ་ཁྱོན་ཡོངས་ནས་སྒོ་མོ་ཕྱེ་བ་དེས་ཀྲུང་གོ་དང་རྒྱལ་སྤྱིའི་ཚན་རིག་མཁས་ཅན་བར་མཉམ་ལས་གང་ལེགས་བྱེད་པའི་འདུ་ཤེས་མངོན་ཡོད། སྒོ་འབྱེད་མཉམ་ལས་ཁྲོད་ཀྲུང་གོའི་ཚན་རྩལ་འཕྲུལ་ཆས་ཀྱིས་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས་གྲུབ་འབྲས་གལ་ཆེན་ཐོན་པར་སྐུལ་འདེད་བཏང་སྟེ་མིའི་རིགས་ཡོངས་ཀྱིས་འཇིག་རྟེན་འཚོལ་ཞིབ་དང་ཤེས་རྟོགས་བྱ་ཆེད་ལེགས་སྐྱེས་འབུལ་དགོས། །
ཟླ3པའི་ཚེས31ཉིན། FASTབཟོ་བཀོད་པས་ལྟ་ཞིབ་འདུན་ཞུའི་དྲ་ངོས་སྟོན་གྱིན་པ།
“ཀྲུང་གོའི་ཐེན་ཡན”གྱི་མཚན་ལྗོངས།
“ཀྲུང་གོའི་ཐེན་ཡན”ལས་དོན་མི་སྣས་འགོར་སྒུལ་གློག་ཁང་དུ་གློག་ཆས་ལ་བདག་གཉེར་བྱེད་ཀྱིན་པ།
“ཀྲུང་གོའི་ཐེན་ཡན”ལས་དོན་མི་སྣས་འགོར་སྒུལ་གློག་ཁང་དུ་གློག་ཆས་ལ་བདག་གཉེར་བྱེད་ཀྱིན་པ།
“ཀྲུང་གོའི་ཐེན་ཡན”གི་མཚན་ལྗོངས།
“ཀྲུང་གོའི་ཐེན་ཡན”གྱི་མཚན་ལྗོངས།
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཚེས31ཉིན་ནས་བཟུང“ཀྲུང་གོའི་ཐེན་ཡན”གོ་ལ་ཧྲིལ་བོར་སྒོ་འབྱེད་རྒྱུ་རེད།