ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་མཐོ་གསལ་ཨང་བཅུ་གཉིས་པའི་སྲུང་སྐར02པ་འཕེན་གཏོང་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས31ཉིན་གྱི་དུས་ཚོད6དང་སྐར་མ45སྟེང་། རང་རྒྱལ་གྱིས་ཅིག་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་བཞི་བ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་མཐོ་གསལ་ཨང་བཅུ་གཉིས་པའི་སྲུང་སྐར02པ་འཕེན་གཏོང་ལེགས་འགྲུབ་བྱུང་ཞིང་། སྲུང་སྐར་བདེ་བླག་ངང་སྔོན་བཀོད་འཁོར་ལམ་དུ་ཞུགས།

མཐོ་གསལ་ཨང་བཅུ་གཉིས་པའི་སྲུང་སྐར02དེ་གཙོ་བོ་རྒྱལ་ཁོངས་ཡོངས་བཤེར་དང་གྲོང་ཁྱེར་འཆར་འགོད། ས་ཁོངས་དབང་ཆ་གཏན་འཁེལ། གཞུང་ལམ་ཇུས་འགོད། ཞིང་ལས་ལོ་ཏོག་གི་ཐོན་ཚད་དཔྱད་འཇོག གནོད་སེལ་གནོད་འཕྲི་སོགས་ཀྱི་ཐད་ལ་བཀོལ་རྒྱུ་རེད།

ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་ཐེངས364པ་རེད། །

ཟླ3པའི་ཚེས31ཉིན་གྱི་དུས་ཚོད6དང་སྐར་མ45སྟེང་། རང་རྒྱལ་གྱིས་ཅིག་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་བཞི་བ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་མཐོ་གསལ་ཨང་བཅུ་གཉིས་པའི་སྲུང་སྐར02པ་འཕེན་གཏོང་ལེགས་འགྲུབ་བྱུང་ཞིང་། སྲུང་སྐར་བདེ་བླག་ངང་སྔོན་བཀོད་འཁོར་ལམ་དུ་ཞུགས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།