ཀྲུང་གོ་བོད་ཀྱི་དྲ་བ།

《ལས་བྱེད་པའི་ཆབ་སྲིད་བྱང་ཚད་དཔྱད་ཞིབ་ཀྱི་དཔེ་མཚོན་འདེམས་སྒྲིག》དཔེ་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་གཞུང་ཞབས་པ་ཅུས་གསུམ་པས་སྒྲིག་རྩོམ་བྱས་པའི《ལས་བྱེད་པའི་ཆབ་སྲིད་བྱང་ཚད་དཔྱད་ཞིབ་དཔེ་མཚོན་འདེམས་སྒྲིག》གི་དཔེ་དེབ་དེ་ཏང་འཛུགས་ཀློག་དེབ་དཔེ་སྐྲུན་ཁང་གི་དཔེ་སྐྲུན་འགྲེམ་སྤེལ་བྱས།

འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྒྲུབ། ཆབ་སྲིད་དང་རྩལ་ནུས་མཐོ་བའི་ལས་བྱེད་དཔུང་ཁག་འཛུགས་སྐྲུན་ལ་དགོས་གལ་ཆེ་ཞིང་། ཆབ་སྲིད་བྱང་ཚད་ཀྱི་དཔྱད་ཞིབ་བྱ་བར་དོན་སྙིང་གལ་ཆེན་ལྡན། 《དཔེ་མཚོན་འདེམས་སྒྲིག》གིས་དཔེ་དེབ་རིགས་དབྱེའི་མཛུབ་སྟོན་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་རྒྱུན་གྱི་དཔྱད་ཞིབ་དང་ལོ་རེའི་དཔྱད་ཞིབ། ཆེད་སྤྱོད་དཔྱད་ཞིབ། དཔྱད་ཞིབ་ཁྲོད་ཀྱི་འཐབ་རྩོད་ཡུལ་དངོས་ཀྱི་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ཀྱི་ལག་ལེན་གསར་གཏོད་དཔེ་མཚོན25དཔྱད་འཇོག་འདེམས་སྒྲིག་བྱས་ཡོད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།