ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་གཞི་ཁྱོན་འཛམ་གླིང་ཡོངས་ཀྱི་ཨང་དང་པོར་ཟིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ཧྭ་ཡིས་ཚེས30ཉིན་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གི་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་བསྟན་དོན། རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་གཞི་ཁྱོན་འཛམ་གླིང་ཡོངས་ཀྱི་ཨང་དང་པོར་ཟིན་པ་དང་། དེས་ནུས་ཁུངས་ལྗང་མདོག་ཐཱན་དམའ་བའི་ཚུལ་བསྒྱུར་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས། 2020ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་པའི་སྤྱིའི་གཞི་ཁྱོན་སྟོང་ཝ་དུང་ཕྱུར9.ལ་སླེབས་པ་དང་དེས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཡོངས་ཀྱི42.4%ཟིན་ལ། 2021ལོ་དང་བསྡུར་ན་བརྒྱ་ཆའི་ཚེག14.6འཕར་ཡོད། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་བྱུང་ནས། 2020ལོར་རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱིས་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར་ཁྲི2.2ལ་སླེབས་ཏེ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་བསྡུར་ཚད་ཀྱི29.5%ཟིན་ནས། 2012ལོ་དང་བསྡུར་ན་བརྒྱ་ཆའི་ཚེག9.5བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།