ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ལེའོ་ཉིན་དང་ཧྲན་ཞི། ཉིང་ཞ་བཅས་སུ་སྒྲོག་འགྲེལ་སྙན་ཞུལ་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་སོ་སོར་ལེའོ་ཉིན་དང་ཧྲན་ཞི།  ཉིང་ཞ་བཅས་སུ་སོང་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ།    དེའི་སྐབས་སུ།  ཁོ་ཚོ་ད་རུང་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་ཡོན་ལས་བྱེད་པ་དང་མཐོ་རིམ་སློབ་གྲྭའི་དགེ་སློབ་སོགས་དང་བཞུགས་མོལ་བརྗེ་རེས་བྱས།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན།    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་།  ཀྲུང་དབྱང་ཏང་གི་སློབ་གྲྭའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་གསོ་ཞིབ་འཇུག་པུའུ་ཡི་ཀྲུའུ་རིན་ཚའོ་ཕུའུ་ཡིས་ལེའོ་ཉིན་ཧྲིན་དབྱང་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ།  སྒྲོག་འགྲེལ་སྐབས་སུ།  ཚའོ་ཕུའུ་ད་རུང་ཧྲིན་དབྱང་གླུ་གཞས་སློབ་གླིང་སོགས་སུ་སོང་ནས་ཚང་མ་དང་བརྗེ་རེས་བྱས།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།  སྔོན་ཆད་ཀྱི་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ལས་དོན་ཨུ་ཡོན།    དྲུང་ཡིག་ཆེན་མོ་ཡན་ཅན་ཆི་ཧྲན་ཞི་ཞི་ཨན་དུ་སོང་ནས་སྒྲོག་འགྲེལ་སྙན་ཞུལ་ཕུལ།      སྒྲོག་འགྲེལ་སྐབས་སུ།  ཡན་ཅན་ཆི་ད་རུང་ཧྲན་ཞི་དགེ་འོས་སློབ་གླིང་གི་ཁྲང་ཨན་ཡན་ལག་སློབ་ཁུལ་སོགས་སུ་སོང་ནས་ཚང་མ་དང་བརྗེ་རེས་བྱས།

ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།  ཀྲུང་གོ་མི་དམངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱང་ཧྥིན་ཁྲིན་གྱིས་ཉིང་ཞ་དབྱིན་ཁྲོན་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ།     ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་སོ་སོ་རུ་བསྡོམས་པས་མི་སྟོང་བཞི་ཙམ་གྱིས་སྒྲོག་འགྲེལ་སྙན་ཞུ་ལ་ཉན།    སྒྲོག་འགྲེལ་སྐབས་སུ།  དབྱང་ཧྥིན་ཁྲིན་ད་རུང་ཉིང་ཞ་དགེ་འོས་སློབ་གླིང་སོགས་སུ་སོང་ནས་ཚང་མ་དང་བཞུགས་མོལ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།