ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གཉིས་ཀྱིས་རྒུད་སྐྱོབ་མ་དངུལ་སྒོར་ཁྲི8000བཏང་སྟེ་ས་གནས་ཀྱི་ཐན་འགོག་གནོད་སེལ་བྱ་བར་རྒྱབ་སྐྱོར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཡུན་ནན་དང་ཀྲེ་ཅང་། ཧྥུའུ་ཅན། ཅང་ཞི། ཧུའུ་ནན། ཀོང་ཞི། ཀོང་ཏུང་སོགས་ཞིང་ཆེན7ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་སྐོར་གྱི་རྒུད་སྐྱོབ་མ་དངུལ་སྒོར་ཁྲི8000བཏང་སྟེ། གནོད་ཐེབས་ས་ཁུལ་ཀྱི་ཐན་འགོག་གནོད་སེལ་བྱ་བར་རྒྱབ་སྐྱོར་བྱེད་པ་དང་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་ཆུ་སྤྱོད་འགན་སྲུང་བྱ་བའི་ཐད་བེད་སྤྱོད་བྱ་རྒྱུ་རེད།

ཉེ་ལམ། ལྷོ་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་ལ་ཆར་ཆུ་ཇེ་ཉུང་དུ་གྱུར་བ་དང་། ཡུན་ནན་སོགས་ས་ཁུལ་དུ་ཐན་སྐྱོན་བྱུང་ནས་ས་ཆ་ཁ་ཤས་ཀྱི་མཁར་གྲོང་ལ་ཆུ་འདོན་དཀའ་བ་དང་ཞིང་ལས་ལ་ཐན་སྐྱོན་བྱུང་། རྒྱལ་ཁབ་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཆུ་བེད་པུའུ་དང་ཞིང་ལས་ཞིང་སྡེ་པུའུ། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མིག་སྔའི་ཐན་སྐྱོན་གནས་ཚུལ་དང་འཕེལ་ཕྱོགས་ལ་ཞིབ་འཇུག་ནན་མོ་བྱས་ཏེ། ཐན་འགོག་བྱེད་ཐབས་བཀོད་སྒྲིག་བྱས་ཤིང་། བྱ་བའི་ཚན་ཆུང་གཉིས་ཡུན་ནན་དང་ཀྲེ་ཅང་སོགས་ས་ཁུལ་གྱི་ཐན་འགོག་གནོད་སེལ་བྱ་བར་མཛུབ་སྟོན་གནང་བར་མངགས། དེ་མིན་མེ་འགོག་རོགས་སྐྱོབ་རུ་ཁག་བཀོད་གཏོང་བྱས་ཏེ་ཆུ་སྐྱེལ་འདྲེན་བྱས་པ་བརྒྱུད། ཚད་གཞི་ཆེས་མཐོ་བའི་སྒོ་ནས་ཐན་སྐྱོན་ཐེབས་པའི་ས་ཁུལ་གྱི་མཁར་གྲོང་སྡོད་དམངས་ཀྱི་འཚོ་བ་དང་ཐོན་སྐྱེད་ཐད་ཀྱི་ཆུ་སྤྱོད་བྱ་བར་འགན་སྲུང་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།