ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ཀྲུང་དབྱང་གི་ནོར་སྲིད་སྔོན་རྩིས་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ནོར་སྲིད་པུས2021ལོའི་ཀྲུང་དབྱང་ནོར་སྲིད་སྔོན་རྩིས་དང་འབྲེལ་ཡོད་རེའུ་མིག་དང་གསལ་བཤད་ཁྱབ་བསྒྲགས་བྱས་ཤིང་། ཡོང་སྒོའི་ཕྱོགས་ནས2021ལོའི་ཀྲུང་དབྱང་གི་སྤྱིར་བཏང་སྤྱི་སྤྱོད་སྔོན་རྩིས་ཡོང་སྒོའི་སྔོན་རྩིས་གྲངས་འབོར་སྒོར་དུང་ཕྱུར89450ཡིན་པ་དང་། དེ་ལོ་སྔོན་མའི་ལག་བསྟར་གཞི་གྲངས་ལས8.1%འཕར་ཡོད། ནོར་སྲིད་པུས་འགྲེལ་བཤད་བྱས་དོན། 2021ལོའི་སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་ཡོང་འབབ་འཕར་ཚད་ཅུང་མཐོ་བ་ནི་གཙོ་བོ་དཔལ་འབྱོར་སླར་གསོའི་ཆུ་ཚད་དང་རིན་གོང་གི་ཆུ་ཚད། ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱས་པ་སོགས་རྒྱུ་རྐྱེན་ལ་གཞིགས་ནས་སྔོན་དཔག་བྱས་པ་ཡིན། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས2020ལོའི་ཡོང་འབབ་ཀྱི་གཞི་གྲངས་ཅུང་དམའ་བ་དང་། 2021ལོའི་སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་ཡོང་འབབ་ལ་སླར་གསོའི་རང་བཞིན་གྱི་འཕར་སྣོན་བྱུང་ཡོད།

     འགྲོ་གྲོན་གྱི་ཕྱོགས་ནས2021ལོའི་ཀྲུང་དབྱང་གི་སྤྱིར་བཏང་སྤྱི་སྤྱོད་སྔོན་རྩིས་ཀྱི་འགྲོ་གྲོན་སྔོན་རྩིས་གྲངས་འབོར་སྒོར་དུང་ཕྱུར118885ཡིན་པ་དང་། དེའི་ཐོག་བེད་སྤྱོད་མ་བྱས་སྔོན་གྱི་ལོ་འཁོར་རྩིས་སྤོས་མ་དངུལ་སྒོར་དུང་ཕྱུར1270.61ཁ་བསྣན་རྗེས། 2021ལོའི་ཀྲུང་དབྱང་གི་སྤྱིར་བཏང་སྤྱི་སྤྱོད་སྔོན་རྩིས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར120155.61ཡིན། དེའི་ནང་ཀྲུང་དབྱང་གི་རིམ་པ་དེའི་འགྲོ་གྲོན་སྔོན་རྩིས་གྲངས་འབོར་སྒོར་དུང་ཕྱུར35015ཟིན་པ་དེ2020ལོའི་ལག་བསྟར་གྲངས་འབོར་ལས་སྒོར་དུང་ཕྱུར་57.2ཇེ་ཉུང་དུ་སོང་ནས0.2%མར་ཆག་ཡོད། དེའི་ཐོག་ལོ་འཁོར་སྔ་མའི་རྩིས་སྤོས་མ་དངུལ་སྒོར་དུང་ཕྱུར820བསྣན་ན། འགྲོ་གྲོན་ནི་སྒོར་དུང་ཕྱུར35835ཡིན། ཀྲུང་དབྱང་གིས་ས་གནས་ལ་བརྒྱུད་སྤྲོད་བྱས་པའི་སྔོན་རྩིས་གྲངས་འབོར་སྒོར་དུང་ཕྱུར83370ཟིན་པ་དེ2020ལོའི་ལག་བསྟར་གྲངས་འབོར་ལས་སྒོར་དུང་ཕྱུར31.33ཇེ་མང་དུ་སོང་བ་དང་། དཔེར་ན་དེའི་ཐོག་བེད་སྤྱོད་མ་བྱས་གོང་གི་ལོ་འཁོར་རྩིས་སྤོས་མ་དངུལ་སྒོར་དུང་ཕྱུར450.61ཁ་བསྣན་རྗེས། ཀྲུང་དབྱང་གིས་ས་གནས་ལ་སྤོ་སྤྲོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར83820.61ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།