ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཁྲང་ཀྲིག་དང་ནན་ཅིན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་དང་ཚེས་ཉེར་དྲུག་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁྲང་ཀྲིག་དང་ནན་ཅིན་གྱི་བྱ་བར་རྟོག་ཞིབ་མཛད། 

2.jpg

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་དང་ཚེས་ཉེར་དྲུག་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁྲང་ཀྲིག་དང་ནན་ཅིན་གྱི་བྱ་བར་རྟོག་ཞིབ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་དང་ཚེས་ཉེར་དྲུག་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁྲང་ཀྲིག་དང་ནན་ཅིན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་དང་གསར་སྐྲུན་ནུས་པ་དང་འཕེལ་རྒྱས་སྒུལ་ཤུགས་ཇེ་ཆེར་གཏོང་དགོས་ལ། དམངས་ཚིས་ལེགས་བཅོས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཤུགས་སྣོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་ཁྲང་ཀྲིག་ཧིན་ལིས་གཤེར་གནོན་ཀུང་ཟི་ལ་ཕེབས་ཏེ་ཐོན་རྫས་དང་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད་ཁེ་ལས་ཀྱིས་སྒོ་འབྱེད་མཉམ་ལས་ཁྲོད་དུ་མུ་མཐུད་དུ་གསར་སྐྲུན་བྱས་ནས་ཧིན་ལིས་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས་པའི་སྐུལ་མ་བཏང་། ཁོང་གིས་ས་གནས་ཀྱི་གསར་བཟོ་ལས་རིགས་ཀྱི་ཁེ་ལས་བཅུ་ལྷག་གི་འགན་འཁུར་བ་དང་བསམ་བློ་བརྗེ་རེས་བྱས། ཁྲང་ཀྲིག་ཧྥུའུ་ཆང་སྡེ་གསར་ནས་ལིས་ཁི་ཆང་གིས་གཞིས་ཁུལ་གྱི་རྒན་གསོ་ཁང་དང་བྱིས་བཅོལ་ཁང་སོགས་ཀྱི་འཚོ་བ་དང་ཞབས་ཞུའི་གནས་ཚུལ་ལ་རྟོག་ཞིབ་བྱས། རྒན་གསོ་ལྟེ་གནས་ནས་ཁོང་གིས་ལོ་ལོན་རྣམས་ཀྱི་བཟའ་བཏུང་དང་ལུས་ཕུང་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་སྟེ། ས་གནས་སྲིད་གཞུང་གིས་ཉོ་སྡུད་ཞབས་ཞུ་དང་རིན་མི་ལེན་པར་ཁང་བ་དང་ཆུ་གློག རླངས་སྣུམ་བཅས་འདོན་སྤྲོད་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒན་གསོ་ཞབས་ཞུ་བསྒྲུབས་པར་ཁས་ལེན་གང་ལེགས་བྱས།

ལིས་ཁི་ཆང་གིས་ཅང་སུའུ་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། ས་གནས་བློ་མཐུན་རྣམས་ཀྱིས་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་མི་ལྡན་གཅིག་སྡུད་བྱེད་པ་སོགས་ཀྱི་སྔོན་ཐོན་རྒྱུ་རྐྱེན་ལ་བརྟེན་ནས་རང་མོས་ཉོ་ཚོང་ས་ཁུལ་གྱི་བཅོས་སྒྱུར་ནུས་པ་དང་སྒོ་འབྱེད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་པའི་སྐུལ་མ་བཏང་།

ལིས་ཁི་ཆང་ནན་ཅིན་སློབ་ཆེན་དུ་སོང་སྟེ་གཞི་རིམ་ཞིབ་འཇུག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཞིབ་འཇུག་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱས་པར་གཟིགས་ཞིབ་གནང་བ་དང་ཚན་ཞིབ་མི་སྣས་ཁྱབ་ཁོངས་བརྒལ་བའི་རོགས་ལས་ལ་ཤུགས་བསྣན་ནས་མཉམ་བསྲེས་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། ཁོང་གིས་སློབ་གླིང་གི་ཡོན་ཧྲི་རྣམས་དང་གླེང་མོལ་བྱས་པར་མ་ཟད་མི་རབས་ནས་མི་རབས་བར་སྐུལ་འདེད་གསར་སྐྲུན་རྒྱུན་འཛིན་བྱེད་དགོས་ཞེས་བསྟན། ལིས་ཁི་ཆང་གིས་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད་པས་ཆེད་དུ་སློབ་གླིང་གི་ཡར་ཞུ་ལ་ཉན། ཁོང་གིས་སློབ་མ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཏེ། ད་ལོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཁ་ཕྱོགས་དང་གྲོས་མཐུན་བཀོད་པའི་གནས་ཚུལ་ཞིབ་འདྲི་བྱས། ལིས་ཁི་ཆང་གིས་ཅང་སུའུ་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག རང་སྟེང་གི་ཁྱད་སྟོབས་དང་དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།