ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཧྲན་ཏུང་དང་ཡུན་ནན། ཀན་སུའུ་བཅས་ནས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་སོ་སོར་ཧྲན་ཏུང་དང་ཡུན་ནན། ཀན་སུའུ་བཅས་ནས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས། སྒྲོག་འགྲེལ་བྱེད་སྐབས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་མཐོ་རིམ་སློབ་གྲྭ་དང་ཞིང་སྡེ་རུ་སོང་ནས་དགེ་སློབ་རྣམས་ཀྱི་འཐུས་མི་དང་གཞི་རིམ་ཏང་ཡོན་ལས་བྱེད་པ་རྣམས་དང་བཞུགས་མོལ་དང་བརྗེ་རེས་བྱས།

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཞེ་ཁྲུན་ཐའོ་ཡིས་ཧྲན་ཏུང་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞེ་ཁྲུན་ཐའོ་ཡིས་ལོ་རྒྱུས་ཟབ་ཚད་ནས་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་བཟང་བོར་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་ཟབ་མོ་བྱས། སྒྲོག་འགྲེལ་བྱེད་སྐབས། ཞེ་ཁྲུན་ཐའོ་ཡིས་ཧྲན་ཏུང་དགེ་འོས་སློབ་ཆེན་ཁྲང་ཆིན་ཧུའུ་སློབ་ཁུལ་དང་ཅི་ནན་གྲོང་ཁྱེར་ཀྲང་ཆིག་ཆུའུ་སན་ཅན་ཞི་སྡེ་བ་བཅས་ནས་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

ཟླ་གསུམ་པའི་ཚེས་ཉེར་དྲུག་དང་ཚེས་ཉེར་བདུན་ཉིན་གཉིས་ལ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་གི་སྔོན་ཆད་ཀྱི་ཞིབ་འཇུག་གླིང་གི་ལས་དོན་ཨུ་ཡོན་ཀྲང་ཧོང་ཀྲི་ཡིས་ཡུན་ནན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཡུན་ནན་གྱི་ཚོགས་ར་སོ་སོ་རུ་བསྡོམས་པས་མི་ཁྲི་གསུམ་ཙམ་སྙན་ཞུ་ལ་ཉན། སྒྲོག་འགྲེལ་བྱེད་སྐབས། ཀྲང་ཧོང་ཀྲི་ཡིས་ཡུན་ནན་སློབ་ཆེན་ཏུང་ལུའུ་སློབ་ཁུལ་དང་ཁུན་མེན་ཝུའུ་ཧྭ་ཆུའུ་ཀྲུའུ་ཏིའི་གནས་རྙིང་སོགས་སུ་རིགས་སོ་སོའི་ཏང་ཡོན་མང་ཚོགས་དང་མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི་དང་མཉམ་དུ་བཞུགས་མོལ་དང་བརྗེ་རེས་བྱས།

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་དང་ཚེས་ཉེར་བརྒྱད་ཉིན་གཉིས་ལ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། བདེན་འཚོལ་དུས་དེབ་ཀྱི་སྔོན་ཆད་ཀྱི་མགོ་གཙོ་ལིས་ཅེ་ཡིས་ཀན་སུའུ་ཞིང་ཆེན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ལིས་ཅེ་ཡིས་གསོན་ཉམས་ལྡན་པའི་མི་སྣའི་གཏམ་རྒྱུད་དང་ཏང་གི་ལོ་རྒྱུས་ཀྱི་དཔེ་མཚོན་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དམིགས་ཡུལ་དང་དོན་སྙིང་རྒྱས་བཤད་བྱས། སྙན་ཞུ་ཚོགས་འདུའི་སྔོན་ལ། ལིས་ཅེ་ད་དུང་ལན་ཀྲིག་སློབ་ཆེན་དང་ལན་ཀྲིག་ཏུ་སྡོད་པའི་དམག་སྡེ་བརྒྱད་པའི་གཞུང་སྒྲུབ་ཁང་གི་དྲན་གསོ་ཁང་དུ་སོང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་ནས་ཚང་མ་དང་བཞུགས་མོལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།