ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐེངས་དུང་ཕྱུར1ལྷག་བརྒྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ནང་རྐྱེན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད24བར་རྒྱལ་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཐེངས་དུང་ཕྱུར1ལྷག་བརྒྱབ་པའི་སྙན་ཞུ་ཕུལ་ཡོད།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་དྲ་བའི་སྟེང་དུའང་ས་གནས་སོ་སོས་དུས་ཐོག་ཏུ་པྲོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཐེངས་ཁྲི10241.7བརྒྱབ་པའི་གཞི་གྲངས་གསར་བ་ཁྱབ་བསྒྲགས་བྱས་ཡོད། ཟླ3པའི་ཚེས24ཉིན་ནས་བཟུང་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་རིམས་འགོག་སྨན་ཁབ“ཉིན་རེའི་ཡར་ཞུ་བྱེད་པའི་ལམ་ལུགསསྤེལ་མགོ་ཚུགས་ཚུན་ཉིན་རེར་སྨན་ཁབ་རྒྱག་ཚད་ཁྲི300ལས་བརྒལ་ཡོད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥེང་གིས་རྒྱལ་སྤྱིའི་རིམས་ནད་གནས་ཚུལ་དང་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ལྟར་ན། རིམས་འགོག་སྨན་ཁབ་རྒྱག་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ནི་མིག་སྔའི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་ཡིན་ཞིང་། ཀྲུང་གོས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྐོར་ཞིག་ཏུ་ལས་དོན་ཚོགས་ཆུང་མངགས་ནས་ས་གནས་དེ་དག་གི་རིམས་འགོག་སྨན་ཁབ་རྒྱག་པར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།