ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20210326103028Jx0N.jpeg

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

202103261032013VSQ.jpeg

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

20210326103235dMW9.jpeg

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

20210326103328BCJJ.jpeg

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

20210326103354bF5Q.jpeg

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་བྱེད་དགོས་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་དང་བཅོས་སྒྱུར་སྒོ་འབྱེད་རྒྱ་བསྐྱེད་ཅིང་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་ནས་ཡར་ཐོན་ཆེན་པོ་འབྱུང་དུ་འཇུག་དགོས་པ་དང་། འཕེལ་རྒྱས་སུ་གཏོང་སྟངས་གསར་པར་ཞབས་འདེགས་ཞུ་བ་་དང་མཉམ་བསྲེས་བྱེད་པའི་ཐད་ནུས་པ་གང་ལེགས་སྒོས་འདོན་དགོས་ལ། འགྲམ་ངོགས་གཉིས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་དང་མཉམ་བསྲེས་བྱེད་པར་འཚོལ་ཞིབ་བྱེད་པའི་ཐད་ནས་གོམ་པ་ཆེན་པོ་སྤོ་དགོས་པ་དང་། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པའི་ཐད་ནས་ཚད་བརྒལ་ཆེན་པོ་མངོན་འགྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཧྥུའུ་ཅན་ཞིང་ཆེན་དུ་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཟླ་གསུམ་པའི་ཚེས་ཉེར་གཉིས་ནས་ཚེས་ཉེར་ལྔ་ཉིན་བར། ཞི་ཅིན་ཕིང་ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་དང་ཧྲིན་ཀྲང་ཝང་ཉིང་གཉིས་དང་མཉམ་དུ་སྔ་གཞུག་ཏུ་ནན་ཕེན་དང་སན་མེན། ཧྥུའུ་ཀྲིག་སོགས་ས་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་དང་རིག་དངོས་སྲུང་སྐྱོབ་ལས་ཁུངས། སྨན་ཁང་། ཞིང་སྡེ། ཁེ་ལས། སློབ་གྲྭ་བཅས་ལ་ཕེབས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་འཛུགས་པར་སྐུལ་འདེད་གཏོང་བ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད།

ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་ནི་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་སའི་ཁྲོད་ཀྱི་གཅིག་ཡིན། ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་སྤྱི་གླིང་རིག་སྟོབས་དོ་དམ་ལྟེ་གནས་སུ་ཕེབས་ཏེ་རིག་སྟོབས་དོ་དམ་སྟེགས་བུའི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་།  ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཧྥུའུ་ཅན་ཞིང་ཆེན་དུ་བྱ་བ་སྒྲུབ་སྐབས་འབྲི་ཆུའི་ས་ཆུ་ཤོར་བར་བཅོས་སྐྱོང་བྱེད་པའི་བཟོ་སྐྲུན་སོགས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་གལ་ཆེན་ལ་སྐུལ་འདེད་བཏང་བར་མ་ཟད། ཉིས་སྟོང་ལོར་ཧྥུའུ་ཅན་ནི་རྒྱལ་ཡོངས་ནས་ཐོག་མར་སྐྱེ་ཁམས་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པར་འཚོལ་ཞིབ་བྱས་པ་དང་། ཡུན་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ཧྥུའུ་ཅན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་སན་མེན་གྲོང་ཁྱེར་ཧྲ་རྫོང་སྤྱིའི་སྨན་ཁང་དུ་ཕེབས་ཏེ། ཞག་སྡོད་ཐོག་ཁང་གི་ཁེར་ཐོག་ཏུ་འབྲེལ་ཡོད་མི་སྣས་སྨན་བཅོས་བཅོས་སྒྱུར་གནས་ཚུལ་མཚམས་སྦྱོར་བྱས་པར་གསན་པར་མ་ཟད་སྨན་བཅོས་མི་སྣ་དང་ནད་པ་བརྒྱུད་ནས་སྨན་བཅོས་བཅོས་སྒྱུར་བྱས་ཏེ་མང་ཚོགས་ལ་ཁེ་ཕན་ཐོབ་མིན་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཡིན། སན་མེན་གྲོང་ཁྱེར་གྱིས་སྨན་བཅོས་བཅོས་སྒྱུར་བྱས་པ་དེ་ལས་མི་དམངས་གཙོར་བཟུང་བ་མཚོན་ཞིང་དེའི་ཉམས་མྱོང་ནི་ས་གནས་སོ་སོས་དཔྱད་གཞིར་འཛིན་པར་རིན་ཐང་ཡོད་ཟེར།

ཚེས་ཉེར་བཞི་ཉིན། ཞི་ཅིན་ཕིང་གིས་ཧྥུའུ་ཀྲིག་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད། ཞི་ཅིན་ཕིང་གིས་གྲོང་ཁྱེར་སྐྱེ་ཁམས་སྤྱི་གླིང་འཆར་འགོད་འཛུགས་སྐྲུན་དང་གྲོང་ཁྱེར་ཆུ་ཁོངས་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་སོགས་ཡར་ཞུ་བྱས་པར་གསན། ཞི་ཅིན་ཕིང་གིས་བསྟན་དོན། གྲོང་ཁྱེར་འཛུགས་སྐྲུན་བཟང་བོ་བྱེད་པ་དང་དེ་ལ་དོ་དམ་ལེགས་པོ་བྱེད་དགོས། མི་སྡོད་ཁོར་ཡུག་དང་གྲོང་ཁྱེར་བར་སྟོང་སོགས་ཀྱི་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ་དམ་འཛིན་བྱེད་དགོས། ཧྥུའུ་ཀྲིག་ནི་བདེ་སྐྱིད་འཛོམས་པའི་ས་ཁུལ་ཞིག་ཡིན་ལ། སྐྱེ་ཁམས་ཆ་རྐྱེན་ཧ་ཅང་ལེགས་པས་མུ་མཐུད་དུ་མཚོ་ཐོག་གྲོང་ཁྱེར་དེ་སྔར་ལས་མཛེས་པའི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

ཚེས་ཉེར་ལྔ་ཉིན། ཞི་ཅིན་ཕིང་མེན་ཅང་སློབ་གླིང་དུ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད། ཧྥུའུ་ཀྲིག་ཏུ་བྱ་བ་སྒྲུབ་སྐབས། ཞི་ཅིན་ཕིང་གིས་མེན་ཅང་ལས་རིགས་སློབ་ཆེན་གྱི་ལོ་དྲུག་ལ་སློབ་གཙོའི་འགན་བཞེས་མྱོང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་པར། ཞི་ཅིན་ཕིང་གིས་མེན་ཅང་སློབ་གླིང་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། ཞི་ཅིན་ཕིང་གིས་སློབ་གླིང་གི་བྱ་བར་རྟོག་ཞིབ་མཛད་སྐབས་བསྟན་དོན། ཀུན་སྤྱོད་ལེགས་པའི་མི་སྐྱེད་སྲིང་བྱེད་པ་ནི་གཞི་རྩའི་ལས་འགན་དུ་བཞག་སྟེ་བཀོལ་སྤྱོད་དང་ལག་རྩལ་རང་བཞིན་གྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ཆེད་ལས་བཀོད་སྒྲིག་བྱེད་པ་དང་རྨང་གཞི་བརྟན་པོ་བཏིང་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྐྱེད་སྲིང་བྱེད་དགོས་ཟེར།

ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད། ཧྥུའུ་ཅན་ཞིང་ཆེན་གྱིས་བྱ་བ་སོ་སོའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཧྥུའུ་ཅན་ཞིང་ཆེན་གྱིས་མུ་མཐུད་དུ་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་པ་ལེན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྐབས། ཐོག་མར་འཐུས་སྒོ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱིའི་ཆ་ནས་གཅིག་གྱུར་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཕེལ་རྒྱས་སུ་སོང་བ་མཚོན་ཡོད། ཁོངས་གཏོགས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པར་ཞབས་འདེགས་ཞུ་བ་དང་མཉམ་བསྲེས་བྱེད་པའི་ངེས་གནས་འཚོལ་དགོས་པ་དང་། ཐོན་ལས་སྒྲིག་གཞི་ལེགས་སྒྱུར་དང་མཐོར་འདེགས་སུ་གཏོང་བར་མ་ཟད། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། གསར་སྐྲུན་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ་གསར་སྐྲུན་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། གསར་སྐྲུན་གསར་གཏོད་ཐད་གསོན་ཤུགས་བསྐྱེད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་མཉམ་བསྲེས་བྱས་ཏེ། རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་ལེགས་སྒྲུབ་བྱེད་པ་དང་ཆུ་ཚད་མཐོ་ཞིང་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། གྲོང་གསེབ་དར་སྤེལ་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་ཁུངས་སྣ་མང་ཅན་དང་ནམ་ཟླ་འོས་འཚམ་ཡིན་པའི་ཁྱད་སྟོབས་ལ་རྐང་བཙུགས་ནས། ཁྱད་ཆོས་ཁྱད་སྟོབས་ཐོན་ལས་གསོ་སྐྱོང་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱས་ཏེ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། འདུག་གནས་དང་ལས་རིགས་སྤེལ་བར་འཚམ་པའི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་དགོས། ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་དེ་སྐྱེ་ཁམས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་ཁྲོད་དུ་འཇོག་པ་དང་། ཚན་རིག་དང་མཐུན་པར་དུས་ཚོད་དང་འཆར་འགོད། གཏན་འཁེལ་བྱས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས་ཟེར།

ཏེན་ཞའོ་ཞང་དང་ལིའུ་ཧི། ཁྲིན་ཞི། ཧི་ལིས་ཧྥིན། དེ་མིན་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྟོག་ཞིབ་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།