ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་འགུལ་སྐྱོད་ལེགས་སྒྱུར་མཐོར་འདེགས་ཀྱི་དྲ་ངོས་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་འགུལ་སྐྱོད་ལེགས་སྒྱུར་མཐོར་འདེགས་ཀྱི་དྲ་ངོས་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། རྒྱུན་མཐུད་སྒོས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་འགུལ་སྐྱོད་སྤེལ་བའི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་བསམ་བློའི་རིན་ཐང་དང་སྐྱེ་ཁམས་ཕན་འབྲས་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། དམངས་ཡོངས་ཀྱིས་ལྗང་སྒྱུར་བྱེད་པའི་ལམ་ལུགས་ཁྱད་སྟོབས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། སྤུས་ཚད་མཐོར་འདེགས་སུ་གཏོང་བ་དཀྱིལ་སྙིང་དུ་འཛིན་ཞིང་འགན་བསྟར་རྣམ་པ་གསར་སྐྲུན་བྱེད་པ་གནད་འགག་ཏུ་འཛིན་པ་དང་། སྐུལ་ལྕག་ཚོད་འཛིན་རྐྱེན་སྲོལ་ཆ་ཚང་དུ་གཏོང་བར་འགན་སྲུང་བྱས་ཏེ། རྦད་ཆོད་སྒོས་བྱ་བའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་སེལ་ཞིང་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་བརྒྱུད་སྒྲོག་བྱེད་པ་དང་ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

སྲིད་གྲོས་ཨུ་ཡོན་བཅུ་གཉིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་པེ་ཅིང་དང་ཧུའུ་ནན། ཀོང་ཏུང་བཅས་ཚོགས་ར་དང་དེ་མིན་ཁ་པར་གྱི་བརྙན་རིས་བརྒྱུད་དེ་གཏམ་བཤད་པ་དང་། ཨུ་ཡོན་ཉིས་བརྒྱ་ལྷག་གིས་སྤོ་སྒུལ་འགན་འཁྲི་ལག་བསྟར་སྟེགས་བུའི་སྟེང་བསམ་འཆར་བཀོད།

ཨུ་ཡོན་རྣམས་ཀྱིས་རིམ་མཐོའི་ཇུས་གཞི་ལ་ཤུགས་སྣོན་པ་དང་། རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུ། རྩྭ་ས་སོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། འོས་འགན་སྡོང་འཛུགས་དང་སྐྱེ་ཁམས་སླར་གསོ། ནགས་ཚལ་གྲོང་ཁྱེར། གྲོང་གསེབ་དར་སྤེལ། ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་སོགས་ཀྱི་བྱ་བ་སྔར་ལས་སྦྲེལ་མཐུད་བྱེད་དགོས་པའི་གྲོས་གཞི་བཏོན།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའུ། ནོར་སྲིད་པུའུ། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ། རྒྱལ་ཁབ་ནགས་རྩྭ་ཅུའུ་སོགས་ལས་ཁུངས་ཀྱི་འགན་འཁུར་བས་ཡུལ་དངོས་ནས་གྲོས་མོལ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།