ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱིའི་རུ་ཁག་གཉིས་པའི་བྱ་བར་གཟིགས་ཞིབ་གནང་།

20210327092245BdAo.jpeg

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱིའི་རུ་ཁག་གཉིས་པར་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། 

20210327092356b3dO.jpeg

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱིའི་རུ་ཁག་གཉིས་པར་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱིའི་རུ་ཁག་གཉིས་པར་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱིའི་རུ་ཁག་ནི་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཕྲུལ་སྒུལ་དམག་འཐབ་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་པས་འགན་འཁྲི་གཟི་བརྗིད་ལྡན་པ་དང་ལས་འགན་ཧ་ཅང་ལྗིད། དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་བྱེད་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དམ་འཛིན་བྱེད་པ་དང་དམག་སྦྱོང་གྲ་སྒྲིག་དམག་འཐབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཞིང་འགན་འཁྲི་དང་ལས་འགན་ལག་བསྟར་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། ཧུར་ཐག་སྒོས་དམག་དཔུང་འཛུགས་སྐྲུན་ཐད་ལ་རྣམ་པ་གསར་པ་གསར་སྐྲུན་བྱེད་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས་ཟེར།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་བཅོ་ལྔའི་སྟེང་། ཞི་ཅིན་ཕིང་དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱིའི་རུ་ཁག་གཉིས་པར་ཕེབས།  དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱིའི་རུ་ཁག་གཉིས་པ་ནི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཁྲོད་ལེགས་སྒྲིག་བྱས་ཏེ་བཙུགས་པ་ཡིན་ལ། ཉེ་བའི་ལོ་འགའི་རིང་། དཀའ་ཁག་དང་ཉེན་ཁ་སེལ་བའི་ལས་འགན་ལྗིད་མོ་རབ་དང་རིམ་པ་ཡོངས་འགྲུབ་བྱས། ཞི་ཅིན་ཕིང་གིས་དམག་སྦྱོང་གྲ་སྒྲིག་དམག་འཐབ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཁོང་རླངས་འཁོར་ལས་བབས་རྗེས་དམག་དཔུང་གི་སྦྱོང་རྡར་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད་ཚང་མས་དཀའ་སྤྱད་སྒོས་སྦྱོང་བརྡར་བྱེད་པ་དང་ཚན་རིག་དང་མཐུན་པར་སྦྱོང་བརྡར་བྱས་ནས། ལས་འགན་ལག་བསྟར་ནུས་པ་ཇེ་ཆེར་གཏོང་དགོས་པར་སྐུལ་མ་བཏང་། དེར་མཐུད་ནས་ཞི་ཅིན་ཕིང་གིས་སྤྱིའི་རུ་ཁག་གི་འཛུགས་སྐྲུན་གནས་ཚུལ་མཚོན་པའི་བརྙན་རིས་ལ་གཟིགས་པ་དང་། བརྙན་རིས་བརྒྱུད་དེ་སྤྱིའི་རུ་ཁག་གིས་འབྲེལ་ཡོད་ལས་འགན་ལག་བསྟར་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་གསན། ཞི་ཅིན་ཕིང་གིས་དམག་དཔུང་འཛུགས་སྐྲུན་དང་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། ཚད་མཐའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ལས་འགན་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པར་ཤུགས་སྣོན་ཞིང་ཇུས་གཞིའི་སྔོན་དཔག་གྲོས་གཞི་འཐུས་ཚང་དུ་གཏོང་བ་དང་། སྟོབས་ཤུགས་བཀོད་སྒྲིག་བྱ་བ་དམ་འཛིན་བྱས་ནས་གནས་ཚུལ་གང་རུང་ལ་ཐུག་ན་དུས་ཐོག་ཏུ་ཐག་གཅོད་པའི་ནུས་པར་འགན་སྲུང་བྱེད་པ་དང་ཕྲག་ཏུ་བབས་པའི་ལས་འགན་ཡོངས་འགྲུབ་བཟང་བོ་བྱེད་དགོས་ཟེར།

    ཞུའུ་ཆི་ལེང་སོགས་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།