ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་རྒྱལ་ཁབ་དྲུག་གི་གྲོས་དཔོན་གྲོས་ཚོགས་ཐེངས་བཞི་པར་ཞུགས་པར་མ་ཟད་གཏམ་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་བརྒྱུད་དེ་རྒྱལ་ཁབ་དྲུག་གི་གྲོས་དཔོན་གྲོས་ཚོགས་ཐེངས་བཞི་པར་ཞུགས་པར་མ་ཟད་གཏམ་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚེས་ཉེར་ལྔ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་བརྒྱུད་དེ་རྒྱལ་ཁབ་དྲུག་གི་གྲོས་དཔོན་གྲོས་ཚོགས་ཐེངས་བཞི་པར་ཞུགས་པར་མ་ཟད་གཏམ་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་སྐབས་བསྟན་དོན། འཛམ་གླིང་ཡོངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་དཀའ་སྤྱད་འབད་བརྩོན་གྱིས་འགོག་རྒོལ་བྱེད་པའི་གནད་འགག་གི་དུས་སྐབས་འདིར། རྒྱལ་ཁབ་དྲུག་གི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་དུ་ཐེངས་འདིའི་གྲོས་ཚོགས་བསྡུས་པ་དེས་ཕན་ཚུན་མཉམ་འབྲེལ་གྱི་སྒོ་ནས་རིམས་ནད་འགོག་རྒོལ་བྱེད་པ་དང་ཐུན་མོང་གི་ཐོག་འཕེལ་རྒྱས་སུ་འགྲོ་བའི་འགྱུར་མེད་ཆོད་སེམས་དང་ཡིད་ཆེས་བརྟན་པོ་མཚོན་ཡོད་ཟེར།

ལིས་ཀྲིན་ཧྲུའུ་ཡིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་ལ་ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་དངོས་ཀྱི་བཀོད་འདོམ་དང་བཀོད་སྒྲིག་འོག་ཏུ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཟླ་གསུམ་ལྷག་གི་དུས་ཚོད་ནང་དུ་པྲོག་གསར་གློ་ཚད་རིམས་ནད་ཕན་ནུས་ལྡན་པའི་སྒོ་ནས་འགོག་བཅོས་ཚོད་འཛིན་བྱེད་ཐུབ་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོངས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་གིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་སྤེལ་ཏེ། རིམས་འགོག་སྨན་ཁབ་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ནས་ཕན་ནུས་ཐོན་རྒྱུ་མངོན་འགྱུར་བྱས་ནས། འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།

ལིས་ཀྲིན་ཧྲུའུ་ཡིས་དེང་སྐབས་དང་རྗེས་ཕྱོགས་ཀྱི་རིམས་ནད་སྐབས་སུ་རྒྱལ་ཁབ་དྲུག་གི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཉམ་ལས་བྱེད་པར་སྔར་ལས་ཤུགས་སྣོན་པའི་ཐད་གྲོས་གཞི་ལྔ་བཏོན། གཅིག་ནས་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་སླར་གསོ་བྱེད་པར་རམ་འདེགས་བྱེད་དགོས། གཉིས་ནས་སྒོ་འབྱེད་གསར་སྐྲུན་དང་བཟོད་སྒོམ་སླད་མེད་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སླར་གསོ་བྱེད་པའི་ཐད་ལ་བཅའ་ཁྲིམས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། གསུམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། ས་ཁུལ་གྱི་མཉམ་འབྲེལ་མཉམ་འདྲིས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། བཞི་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་ཟིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། སྔར་ལས་དྲང་བདེན་ལུགས་མཐུན་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་དགོས། ལྔ་ནས་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། རྒྱལ་ནང་གི་བཅའ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ངོས་ཐད་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ལྕགས་རི་སྲ་བརྟན་ཡོང་བར་སྲུང་སྐྱོང་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་ཞུགས་པའི་ཕྱོགས་སོ་སོར་ཀྲུང་གོའི་ཞིན་ཅང་དང་ཞང་ཀང་ལ་འབྲེལ་བའི་གནད་དོན་ཐད་ཀྱི་རྩ་དོན་ལངས་ཕྱོགས་མཚམས་སྦྱོར་བྱས། ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཞིན་ཅང་གི་གནད་དོན་ནི་མི་རིགས་དང་ཆོས་ལུགས། འགྲོ་མིའི་ཐོབ་ཐང་བཅས་ཀྱི་གནད་དོན་ཞིག་མིན་ལ། དེ་ནི་འཇིགས་སྐུལ་ལ་ངོ་རྒོལ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཞིག་ཡིན། ཀྲུང་གོའི་སྲིད་གཞུང་གིས་ཞིན་ཅང་ནས་ཁྲིམས་ལྟར་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྤྱོད་རང་བཞིན་མེད་པར་གཏོང་བའི་བྱ་བ་སྒྲུབ་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱས་པས་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་གཏིང་ནས་བརྩི་བཀུར་བྱེད་བཞིན་ཡོད། ཞིན་ཅང་དུ་སོང་མྱོང་བའི་ཕྱི་རྒྱལ་གྱི་གྲོགས་པོ་སུ་ཡིན་རུང་ཞིན་ཅང་གི་སྤྱི་ཚོགས་རྒྱུན་མཐུད་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་དང་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པའི་དོན་དངོས་གསལ་བོར་མཐོང་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།