ཀྲུང་གོ་བོད་ཀྱི་དྲ་བ།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དྭངས་གསལ་གུང་གསེང་སྐབས་རླངས་འཁོར་ཆུང་བའི་རིགས་ལ་ལམ་གླ་མི་བསྡུ་བར་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས25ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དྭངས་གསལ་གུང་གསེང་སྐབས་རྒྱལ་ཡོངས་ནས་རླངས་འཁོར་ཆུང་བའི་རིགས་ལ་གཞུང་ལམ་གྱི་ལམ་གླ་མི་བསྡུ་བར་བྱས་ཤིང་། དེའི་དུས་ཚོད་ནི་ཟླ4པའི་ཚེས3ཉིན་གྱི་དུས་ཚོད0ནས་ཚེས5ཉིན་གྱི་དུས་ཚོད24བར་རེད། སྤྱིར་བཏང་གི་གླ་བསྡུ་གཞུང་ལམ་གྱིས་རླངས་འཁོར་གླ་བསྡུ་ས་ཚིགས་བརྒྱུད་པའི་དུས་ཚོད་ལྟར་བརྩི་རྒྱུ་ཡིན་ལ། མྱུར་བགྲོད་གཞུང་ལམ་གྱིས་རླངས་འཁོར་གླ་བསྡུ་ས་ཚིགས་ནས་བུད་པའི་དུས་ཚོད་ལྟར་བརྩི་རྒྱུ་རེད། ལམ་གླ་མི་བསྡུ་བའི་རླངས་འཁོར་ནི་འདུག་སྟེགས7མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་རིགས་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།