ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ལས་རིགས་སློབ་གྲྭ་རུ་ཆེད་ལས1300ལྷག་བཙུགས་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་ཉེ་ལམ《ལས་རིགས་སློབ་གསོའི་ཆེད་ལས་དཀར་ཆག(2021ལོ)》(གཤམ་དུ་དཀར་ཆག་ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས། གསར་དུ་བསྒྲིགས་པའིདཀར་ཆགལ་བསྡོམས་པས་ཆེད་ལས་རིགས་ཆེན་པོ19དང་། ཆེས་ལས་རིགས97། ཆེད་ལས1349སྒྲིག་འཛུགས་བྱས་ཡོད་ལ། དེའི་ནང་འབྲིང་རིམ་ལས་རིགས་ཀྱི་ཆེད་ལས358དང་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་ཆེད་ལས744། མཐོ་རིམ་དངོས་གཞིའི་ཆེད་ལས247བཅས་ཡོད།

སློབ་གསོ་པུའུ་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སི་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། གསར་དུ་བསྒྲིགས་པའིདཀར་ཆག》གིས་ཐོན་ལས་དང་ལས་རིགས། ལས་རྐང་། ཆེད་ལས་བཅས་བར་གྱི་འབྲེལ་བར་ཚན་རིག་དང་མཐུན་པར་དབྱེ་ཞིབ་བྱས་པའི་རྨང་གཞིའི་སྟེང་དེང་རབས་ཐོན་ལས་མ་ལག་འབྲེལ་མཐུད་བྱས་ཏེ། གཅིག་གྱུར་གྱིས་ཆེད་ལས་ཆེན་མོའི་རིགས་དང་ཆེད་ལས་རིགས། ཆེད་ལས་བཅས་རིམ་པ3དུ་དབྱེ་བ་དང་། འབྲིང་རིམ་ལས་རིགས་སློབ་གསོ་དང་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་སྦྱོང་ཚན་ཁག མཐོ་རིམ་ལས་རིགས་སློབ་གསོའི་དངོས་གཞི་ཚན་ཁག་བཅས་རིམ་པ་མི་འདྲ་བའི་ཆེད་ལས་ལ་གཅིག་གྱུར་ཅན་གྱི་ཇུས་འགོད་བྱས་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། གསར་དུ་བསྒྲིགས་པའིདཀར་ཆག》གིས་ཕྱོགས་ཡོངས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང2035ལོའི་རྒྱང་རིམ་དམིགས་འབེན་རྩ་གནད་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཡོད་དེ། དཔེར་ན། རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ལ་ཞབས་ཞུ་བྱས་ཏེ། ཁྱབ་ཁོངས་རིགས་ཆེན་མོ9ལ་ཁ་ཕྱོགས་ཏེ་ཁ་གཏད་ཀྱི་ཆེད་ལས་སྒྲིག་འཛུགས་བྱས་ཡོད་པ་སྟེ། ཕྱོགས་བསྡུས་གློག་ལམ་ལག་རྩལ་དང་སྐྱེ་དངོས་ཆ་འཕྲིན་ལག་རྩལ། ནུས་ཁུངས་གསར་བའི་རྒྱུ་ཆ་བེད་སྤྱོད་ལག་རྩལ། སྐྱེ་ཁམས་སྲུང་སྐྱོང་ལག་རྩལ། རྒྱ་མཚོའི་བཟོ་འགོད་སྒྲིག་ཆས་ལག་རྩལ་སོགས་ལྟ་བུ།

མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གྲྭ་རུ་ཆེད་ལས1300ལྷག་སྒྲིག་འཛུགས་བྱས་ཡོད་ལ། དེ་རྒྱལ་དམངས་དཔལ་འབྱོར་ཀྱི་ཁྱབ་ཁོངས་སོ་སོར་ཁེབས་ཡོད། ཆེད་ལས་བཀོད་སྒྲིག་ས་ཚིགས་ཁྲི10ལྷག་ཡོད་ལ། ལོ་རེར་སྤུས་ཚད་མཐོ་བའི་ལག་རྩལ་ནུས་ལྡན་འཇོན་མི་ཁྲི1000ཡས་མས་གསོ་སྐྱོང་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།