ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར283ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། ཟླ3པའི་ཚེས24ཉིན། སྐབས་བརྒྱད་པའི་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་པེ་ཅིང་དུ་ཚོགས། ཚོགས་འདུས་བསྟན་དོན། རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱི2020ལོར་ཚན་རིག་ལག་བསྟར་ལས་གཞིའི་དཔྱད་འདེམས་རོགས་སྐྱོར་ལ་བསྡོམས་པས་རེ་བཅོལ་ལས་ཁུངས2364ཡི་སྙན་ཞུ་ཁྲི28.11འབྱོར་བ་དང་། གསེད་འདེམས་བྱས་རྗེས་རེ་བཅོལ་ལས་ཁུངས1507ཡི་རིགས་སོ་སོའི་ལས་གཞི་ཁྲི4.57ལེགས་འདེམས་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར283.03ལ་སླེབས།

རྒྱུས་ལོན་པ་ལྟར་ན། 2021ལོར་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་གྱིས་ཚན་རིག་ཐེབས་རྩའི་རོགས་སྐྱོར་བྱེད་ཚུལ་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། ད་ལྟའི་ཚན་རིག་པུའུ9ཡོད་པ་དེ་རྨང་གཞིའི་ཚན་རིག་དང་ལག་རྩལ་ཚན་རིག ཚེ་སྲོག་དང་གསོ་རིག སྣོལ་མ་མཉམ་འདྲེས་བཅས་ཚན་པ་བཞི་ལ་ཧྲག་སྡུད་བྱས་ཡོད། དེའི་ནང་རྨང་གཞིའི་ཚན་རིག་ཚན་པ་ནི་གཙོ་བོ་རྩིས་རིག་དང་ཤུགས་ཀྱི་རིག་པ། གནམ་དཔྱད། དངོས་ལུགས། རྫས་འགྱུར། ས་ཁམས་སོགས་ཀྱི་གྲུབ་ལ། ལག་རྩལ་ཚན་རིག་ཚན་པ་ནི་གཙོ་བོ་ཆ་འཕྲིན་དང་བཟོ་འགོད། རྒྱུ་ཆ་སོགས་ཀྱི་གྲུབ་པ་དང་། ཚེ་སྲོག་དང་གསོ་རིག་ཚན་པ་ནི་གཙོ་བོ་སྐྱེ་དངོས་རིག་པ་དང་གསོ་རིག ཞིང་ལས་ཚན་རིགས་སོགས་ཀྱི་གྲུབ་ཞིང་། སྣོལ་མ་མཉམ་འདྲེས་ཚན་པ་ནི་གཙོ་བོ་སྣོལ་མ་དང་དོ་དམ་སོགས་ཀྱི་གྲུབ་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།