ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྲིད་གཞུང་བྱ་བའི་སྙན་ཞུའི་གཙོ་གནད་བྱ་བའི་ལས་བགོས་དོན་འཁྱོལ་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྲིད་གཞུང་བྱ་བའི་སྙན་ཞུའི་གཙོ་གནད་བྱ་བའི་ལས་བགོས་དོན་འཁྱོལ་སྐོར་གྱི་བསམ་འཆར》(གཤམ་དུ་ལས་བགོས་བསམ་འཆར་དུ་འབོད)དཔར་འགྲེམ་བྱས།

ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་བས་གྲོས་འཆམ་བྱུང་བའི《སྲིད་གཞུང་བྱ་བའི་སྙན་ཞུའི》བཀོད་སྒྲིག་དོན་འཁྱོལ་བྱེད་པ། ད་ལོའི་སྲིད་གཞུང་བྱ་བ་ལེགས་པོར་སྒྲུབ་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་ལྟར། 《ལས་བགོས་བསམ་འཆར》གྱིས《སྲིད་གཞུང་བྱ་བའི་སྙན་ཞུས》བཏོན་པའི2021ལོའི་བྱ་བའི་ལས་འགན་དེ། ཁ་ཤས12དང་ཕྱོགས38། གཙོ་གནད44རུ་བགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་གནས་ཀྱི་ལས་བགོས་ལས་འགན་དུས་ཐོག་ཏུ་ལེགས་འགྲུབ་བྱེད་དགོས་པ་གསར་བོར་བསྟན་ཡོད།

《ལས་བགོས་བསམ་འཆར》ལས་ནན་གྱིས་བསྟན་དོན། ད་ལོ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལྡན་པའི་ལོ་གཅིག་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་ཟབ་སྒོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཆབ་སྲིད་ཀྱི་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས། བློ་སེམས་གཅིག་སྒྲིལ། ཡར་བརྩོན་འབད་འབུངས་བཅས་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པར་འབད་བརྩོན་བྱས་ནས། མི་དམངས་ཀྱི་ཁས་ལེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

《ལས་བགོས་བསམ་འཆར》ལས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་དང་། བྱ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། དུས་ཚོད་དང་འགན་འཁྲི་བ་དང་གྲུབ་འབྲས་ཀྱི་རྣམ་པ་གསལ་བོར་བྱས་ནས། བྱ་བ་སོ་སོ་དོན་འཁྱོལ་བྱེད་པ་དང་། སྲིད་གཞུང་གིས་མི་དམངས་ལ་ཁས་བླངས་པ་དེ་འཕེལ་རྒྱས་སུ་སྐུལ་འདེད་དང་། དམངས་འཚོར་ཕན་པའི་ཕན་འབྲས་གསར་བར་བསྒྱུར་དགོས། 2035ལོའི་རྒྱང་རིང་དམིགས་འབེན་ལ་དམིགས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཞིབ་ཚགས་ཅན་དུ་གཏོང་བ་དང་། ལོ་རེའི་བྱ་བ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”བྱ་བ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། ཕན་འབྲས་དངོས་ལེན་པར་ཁག་ཐེག་བྱེད་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ལས་བགོས་ཀྱི་བསམ་འཆར་ལྟར།གཙོ་གནད་བྱ་བའི་ལས་བགོས་ལག་བསྟར་བྱ་ཐབས་གཏན་འབེབས་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡར་ཞུ་བྱེད་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།