ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པས་ཧུའུ་ནན་དུ་སྒྲོག་འགྲེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཚེས24ཉིན་ནས་ཚེས25ཉིན་བར་ཧུའུ་ནན་དུ་སྒྲོག་འགྲེལ་བྱས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཝའེ་ཀོང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ།

 24ཉིན་གྱི་སྔ་དྲོའི་ཚོགས་འདུའི་སྟེང་། བང་ཝའེ་ཀོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་ལས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་སློབ་སྦྱོང་ལས་ཡིད་ཆེས་རྙེད་པ། ལོ་རྒྱུས་སློབ་སྦྱོང་ལས་ཀུན་སྤྱོད་ལེགས་བསྒྱུར། ལོ་རྒྱུས་སློབ་སྦྱོང་ལས་བརྩོན་ནུས་སྐུལ་བའི་སློབ་སྦྱོང་སློབ་གསོ་སྤེལ་དགོས་པའི་རེ་བ་བཏོན། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་སྙིང་ཤེས་རྟོགས། ཏང་གི་གཞི་རྩའི་གསུང་རྩོམ་ལ་ཞིབ་ཀློག ཁྱོན་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱ་འབད་འཐབ་བྱས་ཤིང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་གལ་ཆེན་ལ་ཕྱིར་དྲན། ཏང་གི་ལོ་རྒྱུས་སློབ་གསོའི་གཙོ་གནད་ལ་རྒྱུས་ལོན་ཕྱིས་ཕྱིན་པ་བྱེད་དགོས། ཁོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་ལེགས་པར་བསྒྲུབ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་། དོན་འཁྱོལ་ཏན་ཏིག་བྱས་ཏེ“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་རྒྱུ་དང་། ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་རྒྱུ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

ཧུའུ་ནན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མགོ་ཁྲིད་དང་ཐད་གཏོགས་ལས་ཁོངས་ཀྱི་མགོ་ཁྲིད་གཙོ་བོ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ཁོངས་མི་བཅས་མི1000ལྷག་ཐེངས་འདིའི་སྙན་ཞུའི་ཚོགས་འདུར་ཞུགས།

ཚེས 24ཉིན་གྱི་ཕྱི་དྲོར། བང་ཝའེ་ཀོང་ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་དོན་སྒྲོག་འགྲེལ་བྱས་པ་མ་ཟད་དགེ་སློབ་ཁག་དང་མཉམ་དུ་གླེང་མོལ་བྱས། ཚེས25ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་ཁྲང་ཧྲའི་ལོ་རྒྱུས་ཁང་དུ་སོང་ནས་གཞི་རིམ་ལས་བྱེད་མང་ཚོགས་དང་སྒྲོག་འགྲེལ་གླེང་མོལ་བྱས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།