ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཀོང་ཞིའི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

202103251021045hzP.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞི་ཉིན་བར་ཀོང་ཞིའི་བྱ་བར་རྟོག་ཞིབ་མཛད།

20210325102148PGpl.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞི་ཉིན་བར་ཀོང་ཞིའི་བྱ་བར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞི་ཉིན་བར་ཀོང་ཞིའི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་དགོས་ལ། རང་འགུལ་སྒོས་དུས་རབས་གསར་པ་དང་དུས་སྐབས་གསར་པ། རེ་བ་གསར་པ་དང་མཐུན་པར་བྱེད་པ་དང་། བབ་བསྟུན་མདུན་སྐྱོད་དང་གནད་ཁེལ་ཇུས་བསྟར་བྱེད་པར་མ་ཟད་རྒྱུན་མཐུད་སྒོས་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ་དང་། ཤུགས་ཆེན་པོས་སྤྱོད་ཚུལ་བཟང་བོ་དར་སྤེལ་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་ཞིག་འཛུགས་པར་ནུས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཀྲའོ་ལི་ཅི་ཡིས་མགོ་འཛིན་བྱས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁ་ཤས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཚུལ་མིན་སྤྱོད་ཚུལ་གྱི་ཆབ་སྲིད་ངོ་བོ་དང་ཆབ་སྲིད་གནོད་ཐེབས་ལ་ངོས་ཟིན་ཟབ་མོ་བྱེད་པ་དང་། ངེས་ཤུགས་སྲུང་འཛིན་དང་བྱས་རྗེས་ཆེན་པོ་བཞག་ནས་གཟབ་ནན་ཡིན་པའི་སྤྱིའི་དགོངས་གཞི་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས། དོན་དངོས་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དུས་ཐོག་ཏུ་སྲོལ་ངན་བཞིའི་འཕེལ་ཕྱོགས་གསར་པ་དང་མཚོན་རྟགས་གསར་པར་རྒྱུས་ལོན་བྱེད་པ་དང་། གནད་དོན་གང་ཞིག་ཡོད་ན་དེ་དུས་ཐོག་ཏུ་ཐག་གཅོད་པ། གནད་དོན་གང་ཞིག་འབུར་ཐོན་ཡིན་ན་དེ་གཙོར་བཟུང་ནས་དག་ཐེར་བཅོས་སྐྱོང་བྱེད་དགོས་པར་མ་ཟད། སྒྲུབ་མི་ཕོད་པ་དང་སྒྲུབ་མི་འདོད་པ། སྒྲུབ་མི་སྲིད་པའི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱས་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་བཅོས་སྐྱོང་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།