ཀྲུང་གོ་བོད་ཀྱི་དྲ་བ།

དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་དམངས་གཙོ་ལྟ་སྐུལ་བྱ་བའི་སྤྱི་སྡོམ་ཚོགས་འདུ་པེ་ཅིན་ནས་འཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1616633393160016.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས24ཉིན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་དམངས་གཙོ་ལྟ་སྐུལ་བྱ་བའི་སྤྱི་སྡོམ་ཚོགས་འདུ་པེ་ཅིན་ནས་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་རང་རྒྱལ་གྱི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། དབུལ་ཐར་མཁྲེགས་གཏོར་དམངས་གཙོ་ལྟ་སྐུལ་ཐད་ཀྱི་སྒྲུབ་སྟངས་ལེགས་པོ་དང་རིན་ཐང་བྲལ་བའི་ཉམས་མྱོང་སྤྱི་སྡོམ་དང་དར་སྤེལ་བྱེད་པ་དང་། ཆེད་དོན་དམངས་གཙོ་ལྟ་སྐུལ་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། དུས་རབས་གསར་བའི་ཏང་མང་མཉམ་ལས་ལས་དོན་ཐད་ནས་གྲུབ་འབྲས་གསར་པ་ལེན་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་དམངས་གཙོ་ལྟ་སྐུལ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཁག་སོ་སོས་དུས་རབས་གསར་པའི་ནང་མཐུན་སྒྲིལ་མཉམ་ལས་དང་བྱ་གཞག་གསར་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་ལྔའི་རིང་ལ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་དམངས་གཙོ་ལྟ་སྐུལ་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཐོན་ཁུངས་སྟོབས་ཤུགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཤིང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་བྱེད་ཐབས་སྣ་ཚོགས་བཀོལ་བ། དོན་དངོས་དང་དོན་བཟང་བསྒྲུབས་ནས། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་བྱས་རྗེས་གལ་ཆེན་བཞག་པ་དང་། ཏང་མང་མཉམ་ལས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་བྱ་བར་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་གསར་པ་གསར་སྐྲུན་བྱས་ཤིང་། དམངས་གཙོ་ཏང་ཁག་སོ་སོས་དམངས་གཙོ་ལྟ་སྐུལ་འགན་ནུས་ལག་བསྟར་བྱེད་པའི་འཚོལ་ཞིབ་གསར་པ་བྱེད་མགོ་བརྩམས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་དང་ཏང་འཛུགས་སྐྲུན་གྱི་ཐབས་ལམ་གསར་པ་གསར་གཏོད་བྱས་པར་མ་ཟད། རང་རྒྱལ་གྱི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཁྱད་སྟོབས་མངོན་པར་བྱེད་པའི་ལག་ལེན་གསར་པ་གསར་སྐྲུན་བྱས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཡུག་ཆོན་གྱིས་ཚོགས་འདུར་མགོ་འཛིན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།