ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་སློབ་ཆེན་སློབ་མའི་སློབ་རའི་དངུལ་བུན་གཏོང་བར་བཀག་འགོག་བྱེད་པར་སྣེ་ཁྲིད་བྱེད་དགོས་པར་བསྟན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། སློབ་གསོ་པུའུ་ཡིས་ཚེས24ཉིན་གསར་འགྱུར་ཚོགས་འདུ་བསྡུས་ཏེ། སློབ་རའི་དངུལ་བུན་གཏོང་བའི་ཉེན་ཁ་འགོག་སྲུང་ཚོད་འཛིན་བྱ་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཚོགས་འདུའི་སྟེང་། སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། སྲིད་གཞུང་གི“རོགས་འདེགས་དྲ་བ”སྲ་བརྟན་དུ་གཏོང་བ་ནི་སློབ་ཆེན་སློབ་མ“དྲ་ཐོག་དངུལ་བུན་གཏོང་བའི”གཡོ་འོག་ཏུ་མི་ཚུད་པའི་འགན་སྲུང་གལ་ཆེན་ཡིན་ཞེས་བསྟན། 

སློབ་གསོ་པུའུ་ནོར་དོན་སི་ཡི་སི་ཀྲང་ཀའོ་ཕིན་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། དངུལ་ཁང་ཉེན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ་སོགས་སྡེ་ཁག5ཡིས་མཉམ་འབྲེལ་སྒོས་ཟླ2པའི་ཚེས24ཉིན《སྔར་ལས་ལྷག་པའི་སྒོ་ནས་སློབ་ཆེན་སློབ་མའི་དྲ་རྒྱའི་འཛད་སྤྱོད་དངུལ་བུན་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པ་དང་། སློབ་གསོ་པུའུ་ཡིས་སློབ་ཆེན་སློབ་མའི་ཡང་དག་པའི་འཛད་སྤྱོད་ལྟ་བ་གསོ་སྐྱོང་དང་། སློབ་ཆེན་སློབ་མའི་རོགས་འདེགས་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ། སློབ་རའི་དངུལ་བུན་གཏོང་བའི་མི་ལེགས་པའི་བྱ་སྤྱོད་འགོག་པ་དང་། སློབ་རའི་དངུལ་བུན་གཏོང་བ་སོགས་ཀྱི་བྱེད་ཐབས་ཆེན་པོ4ཤར་གཏོང་བྱེད་པར་ཤུགས་བསྣོན་བྱ་རྒྱུ་ཡིན་ཚུལ་བསྟན། 

དེ་ལས་གཞན། སློབ་གསོ་པུའུ་བསམ་བློ་ཆབ་སྲིད་སི་ཡི་སི་ཀྲང་གཞོན་པ་ཀྲང་བུན་པིན་གྱིས་བསྟན་དོན། མཐོ་རིམ་སློབ་གྲྭ་སོ་སོས་དུས་ངེས་གཏན་ནང་སློབ་རའི་དངུལ་བུན་གཏོང་བའི་གནས་ཚུལ་ལ་རྩད་ཞིབ་བྱས་ཏེ། དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། གཞི་གྲངས་ཆེན་མོ་བེད་སྤྱད་ནས་སློབ་མའི་རྒྱུན་ལྡན་མིན་པའི་འཛད་སྤྱོད་བྱ་སྤྱོད་ལ་དོ་སྣང་བྱས་ཏེ། དམིགས་གཏད་རང་བཞིན་གྱི་བྱེད་ཐབས་ཀྱིས་སྔ་མོ་ནས་འགོག་པ་དང་། སྔ་མོ་ནས་སློབ་གསོ་གཏོང་བ། སྔ་མོ་ནས་ཤེས་རྟོག་དང་ཐག་གཅོད་བྱེད་དགོས་པར་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།