ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ལོ་རྒྱུས་སློབ་གསོའི་གཞུང་ཕྱོགས་དྲ་ཚིགས་དངོས་སུ་ཤར་གཏོང་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ལོ་རྒྱུས་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་མཛུབ་སྟོན་འོག མི་དམངས་དྲ་བ་དང་ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བས་འགན་སྒྲུབ་བྱས་པའི་ཏང་གི་ལོ་རྒྱུས་སློབ་གསོའི་གཞུང་ཕྱོགས་དྲ་ཚིགས(http://dangshi.people.cn/)ཉེ་ཆར་དངོས་སུ་ཤར་གཏོང་བྱས། གཞུང་ཕྱོགས་འཕྲིན་སྟེགས“ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ”ཡང་དུས་མཉམ་ལས་བཏོན།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞུང་ཕྱོགས་དྲ་ཚིགས་དང་གཞུང་ཕྱོགས་འཕྲིན་སྟེགས་གིས་ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དགོངས་དོན་དང་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གནས་ཚུལ་དང་དཔེར་མཚོན་ཉམས་མྱོང་མངོན་སྟེ། དུས་ཐོག་ཏུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་མི་སེམས་འགུལ་བའི་གཏམ་རྒྱུད་མཚོན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཏང་གི་ལོ་རྒྱུས་བྱས་ཏེ་གནས་ལུགས་རྟོགས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ཡིད་ཆེས་འཕར་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ཀུན་སྤྱོད་ཡར་གཏོད་བཅས་ལ་སྣེ་ཁྲིད་བྱས་པ་བརྒྱུད། མུ་མཐུད་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་བཏང་ཏེ། ཏང་གི་ལོ་རྒྱུས་སློབ་པ་དང་། བསམ་བློ་རྟོགས་པ། དོན་དངོས་སྒྲུབ་པ། མགོ་གསར་བ་རྩོམ་པ་བཅས་བྱེད་དགོས།

གཞུང་ཕྱོགས་སྤྱི་སྟེགས་ཀྱིས་ག་ས་གང་ནས་སློབ་སྦྱོང་བྱེད་པའི་སྟེགས་བུ་གསར་སྐྲུན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱིས་དུས་ཐོག་ཏུ་སློབ་གསོའི་འགུལ་རྣམ་ལ་རྒྱུས་ལོན་དང་། ཏང་གི་ལོ་རྒྱུས་ཀྱི་དབང་གྲགས་རྒྱུ་ཆར་བློ་འདྲི་བྱེད་པ། ཕན་ནུས་ལྡན་པའི་བརྗེ་རེས་བྱེད་པའི་ལག་རོགས་བཟང་བོ་ཞིག་ཏུ་གྱུར་ཡོད་པ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།