ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུའུ་ཡིས2021ལོའི་སྐོར་གཉིས་པའི་དོགས་ཡོད་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའུ་ཡིས་ཚེས24ཉིན2021ལོའི་སྐབས་གཉིས་པའི་དོགས་ཡོད་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བསྡོམས་པས་དོགས་ཡོད་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས10ཡི་མིང་ཐོ་ཁྱབ་བསྒྲགས་བྱས།

དོགས་ཡོད་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས10ནི། ཀྲུང་གོ་ཐོན་ལས་འཕེལ་རྒྱས་སྐུལ་སྤེལ་མཐུན་ཚོགས་དང་ཀྲུང་གོ་ཇ་ལས་དོ་དམ་མཐུན་ཚོགས། ཀྲུང་གོ་སྤུས་ཚད་བདེན་དཔང་ར་སྤྲོད་ལྟ་སྐུལ་ཨུ་ཡོན་ལྷན་ཁང་། ཨ་ཤེ་ཡ་སྐད་ཡིག་སྒྱུ་རྩལ་པའི་མཐུན་ཚོགས། རྒྱལ་དམངས་བདེ་ཐང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཞིབ་འཇུག་ཁང་། ཀྲུང་གོའི་ལས་རིགས་ལག་རྩལ་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ཚོགས་པ། ཀྲུང་གོ་ལྗང་མདོག་ནུས་རྒྱུ་ཁོར་ཡུག་སྲུང་སྐྱོང་ཐོན་ལས་མཐུན་ཚོགས། རྒན་རྒོན་བདེ་ཐང་ལས་འགུལ་ཕན་བདེ་མཐུན་ཚོགས། རྒྱལ་སྤྱིའི་ཕྱི་ཁོངས་ཀྲུང་གོ་བའི་སྒྱུ་རྩལ་མཁས་ཅན་མཐུན་འབྲེལ་ལྷན་ཚོགས། ཀྲུང་ལུགས་གསོ་རིག་དམངས་ཁྲོད་མཐུན་ཚོགས་བཅས་རེད། 

དམངས་སྲིད་པུའུ་ཡིས་སྤྱི་དམངས་ཡོངས་ལ་མགོ་གཡོགས་མགོ་སྐོར་འོག་ཏུ་མི་ཚུད་ཅིང་དོགས་ཟོན་ཆེར་བསྐྱེད་བྱེད་དགོས་པའི་དྲན་སྐུལ་བྱས་པ་མ་ཟད། གལ་ཏེ་གོང་གསལ་རྩ་འཛུགས་ཀྱི་བྱེད་སྒོའི་ཁུངས་སྣེ(དཔེར་ན་བྱེད་སྒོ་སྤེལ་ཡུལ་དང་འགན་འཁུར་བ་སོགས)ཤེས་རྟོགས་བྱུང་ཚེ། “ཀྲུང་གོའི་སྤྱི་ཚོགས་རྩ་འཛུགས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས”(www.chinanpo.gov.cn)ནང་ཞུགས་ཏེ་ཐེར་འདོན་ཞུ་གཏུག་བྱས་ཆོག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།