ཞི་ཅིན་ཕིང་གིས་ཧྥུའུ་ཀྲིག་ཏུ་བྱ་བར་རྟོག་ཞིབ་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན་གྱི་ཕྱི་དྲོར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲིག་གྲོང་ཁྱེར་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་ཅོ་དབྱེ་ཧྥུའུ་ཁྲོམ་ལམ་དང་སན་ཧྥང་ཆི་ཞང་ལོ་རྒྱུས་རིག་གནས་ཁྲོམ་སྲང་ཁུལ། ཧྥུའུ་ཅན་ཧྥུའུ་ཀོང་མ་རྐང་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་ལོ་རྒྱུས་རིག་གནས་ཁྲོམ་སྲང་ཁུལ་སྲུང་སྐྱོང་། ཁེ་ལས་གསར་སྐྲུན་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།