ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྐོར་གླེང་སྐབས་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས་པར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས23ཉིན་གྱི་ཕྱི་དྲོར། ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲ་རྫོང་གི་གྲོང་གསེབ་བདག་དབང་ཉོ་ཚོང་ལྟེ་གནས་སུ་འབྱོར་ཏེ། ཧྲ་རྫོང་གིས་ལོ་འདི་དག་ལ་ཐུན་མོང་ནགས་ཚལ་གྱི་བདག་དབང་ལམ་ལུགས་བཅོས་སྒྱུར་ཐད་འཚོལ་ཞིབ་ཧུར་ཐག་བྱས་པར་ཞི་ཅིན་ཕིང་གིས་ཁས་ལེན་བྱས་པ་རེད། ཁོང་གིས་བཤད་རྒྱུར། ཐུན་མོང་ནགས་ཚལ་གྱི་བདག་དབང་ལམ་ལུགས་བཅོས་བསྒྱུར་བྱེད་སྐབས་སན་མིང་ནི་འབྱུང་གནས་གཙོ་བོ་ཡིན། གུང་ཁྲན་ཏང་གིས་བྱ་བའི་ཁྲིད་སྟོན་གྱི་བསམ་བློ་ནི་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས་པ་དང་། མང་ཚོགས་ནི་དཔའ་བོ་ངོ་མ་ཡིན། ང་ཚོའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་སྐབས་རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་ཀྱིས། བཅོས་བསྒྱུར་གལ་ཆེན་བྱེད་སྐབས་སྔོན་ལ་ཚོད་ལྟ་བྱས་ཏེ། ཉམས་མྱོང་ཐོབ་རྗེས་ད་གཟོད་ཁྱབ་གདལ་དུ་གཏོང་དགོས། རྡོ་ལ་རེག་ནས་ཆུ་བོར་བརྒལ་བའི་བཅོས་བསྒྱུར་གྱི་ཐབས་ལམ་དུས་ལས་ཡོལ་མེད་ལ་ཡོལ་ཡང་མི་སྲིད། །

1.jpg

2.jpg

3.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།