རིམས་ནད་ལ་གདོང་གཏད་དེ་ཁྲལ་བསྡུ་ཁ་ཤས་ཀྱིས་དམིགས་བསལ་སྲིད་ཇུས་ལག་བསྟར་རྒྱུན་བསྲིང་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས23ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱི་དཀའ་ཁག་ལ་རོགས་རམ་བྱ་ཆེད། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་སྤེལ་ཏེ། རིམས་ནད་ལ་གདོང་གཏད་དེ། ཁྲལ་བསྡུའི་འགྲོ་གྲོན་ཁ་ཤས་ལ་དམིགས་བསལ་སྲིད་ཇུས་ལག་བསྟར་བྱ་རྒྱུར་གཏན་འཁེལ་བྱས།

ཁྱབ་བསྒྲགས་ལྟར་ན།《ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁེར་ལས་བཟོ་ཚོང་ཐེམ་དུད་ཀྱི་ལས་མགོ་བསྐྱར་ཚུགས་དང་ལས་ཞུགས་སླར་གསོའི་གནས་ཐང་འཕར་བའིདཔྱ་ཁྲལ་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་སྤྱི་བསྒྲགས》ཀྱི་གཏན་འཁེལ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ་དང་། ལག་བསྟར་དུས་ཡུན2021ལོའི་ཟླ12པའི་ཚེས31ཉིན་བར་ཡིན། དེའི་ཁྲོད། 2021ལོའི་ཟླ4པའི་ཚེས1ཉིན་ནས2021ལོའི་ཟླ12པའི་ཚེས31ཉིན་བར། ཧུའུ་པའེ་ཞིང་ཆེན་གྱི་གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་བསྡུ་བར30ཡི་ཁྲལ་བསྡུ་ཚད་གཞིའི་ཕྱིར་འཚོང་ཡོང་སྒོ་བེད་སྤྱོད་བྱེད་པ་དང་། 1གི་ཁྲལ་བསྡུ་ལྟར་གནས་ཐང་འཕར་བའི་དཔྱ་ཁྲལ་ཉུང་དུ་བསྡུ་རྒྱུ། དེ་མིན3%གྱི་ཁྲལ་བསྡུའི་སྔོན་གྱི་གནས་ཐང་འཕར་བའི་དཔྱ་ཁྲལ་ལས་གཞི་སྤྱོད་རྒྱུ། དེ་མིན1གི་ཁྲལ་བསྡུའི་གནས་ཐང་འཕར་བའི་དཔྱ་ཁྲལ་ཉུང་དུ་བསྡུ་རྒྱུ་གཏན་འཁེལ་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།