ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གཉིས་ཀྱིས་ཕན་ཚུན་ལ་ངག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གི་བཀའ་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་འབྲེལ་པུའི་པུའུ་ཀྲང་སུང་ཐའོ་ཡིས་པེ་ཅིང་དུ་ཞལ་ཆད་ལྟར་ཀྲུང་གོ་དུ་སྡོད་པའི་ཁྲའོ་ཞན་གྱི་གཞུང་ཚབ་ཆེན་མོ་ལི་ལུང་ནན་ལ་མཇལ་འཕྲད་གནང་། 

ལི་ལུང་ནན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེན་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བསྐུར་བའི་ངག་འཕྲིན་བརྒྱུད་བསྒྲགས་བྱས་པ་དང་། ཕྱོགས་ཡོངས་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་བརྒྱད་པའི་གནས་ཚུལ་བརྡ་ཁྱབ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་ཀྲུང་གོའི་ཏང་དང་མི་དམངས་ཀྱིས་བདེ་བླག་ངང་འཛམ་གླིང་གི་སྤྱིའི་འཕྲོད་བསྟེན་འཇིག་ཉེན་ལས་རྒྱལ་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་དབུལ་ཕོངས་རྩ་བ་ནས་མེད་པར་གཏོང་བའི་འཐབ་རྩོད་ཁྲོད་བླངས་བའི་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་ཐོབ་པར་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ཅེས་ངག་འཕྲིན་བཏང་།  

ཅིན་ཀྲེང་ཨེན་གྱིས་བཤད་རྒྱུར། ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བ་དེ་འཛམ་གླིང་ཀུན་གྱིས་ཡིད་སྨོན་བྱེད་པའི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ།  མཛའ་བརྩེ་དང་མཐུན་སྒྲིལ་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་བཞག་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ང་དང་དེ་བཞིན་ཁྲའོ་ཞན་ཏང་མི་དམངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཤིག་རེད། ཁྲའོ་ཞན་ཕྱོགས་ཀྱིས་ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་འབྲེལ་བ་དེ་དུས་རབས་ཀྱི་བླང་བྱ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འདུན་པ་དང་། འདོད་བློ། རྩ་བའི་ཁེ་ཕན་བཅས་ལ་གཞིགས་ནས་སྔར་ལས་གོང་འཕེལ་འགྲོ་བའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་བ་རེད། 

སུང་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེན་ཨེན་ལ་བསྐུར་བའི་ངག་འཕྲིན་བརྒྱུད་བསྒྲགས་བྱས་ཤིང་། ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པར་སླར་ཡང་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་གྲོགས་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བཅས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཞིག་རེད། དུས་བབ་གསར་པའི་འོག་ང་ཚོས་ཁྲའོ་ཞན་གྱི་བློ་མཐུན་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བཏང་ནས། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་ལས་ལེགས་པའི་སྒོ་ནས་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་རྩེག་སྣོན་ནུས་པ་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཟབ་མོ་བྱུང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་གསར་པ་འཇོག་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།