ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁོ་ལོན་པི་ཡའི་མང་ཚོགས་ལ་བརྙན་རིས་བརྒྱུད་དེ་གཏམ་བཤད་གནང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ3པའི་ཚེས20ཉིན། ཀྲུང་གོས་ཁོ་ལོན་པི་ཡའི་མང་ཚོགས་ལ་སྐོར་རིམ་གསུམ་པའི་འགོག་ཁབ་དེ་ཁོ་ལོན་པི་ཡའི་རྒྱལ་ས་པའོ་ཀི་ཏར་བསྐྱལ། ཁོ་ལོན་པི་ཡའི་ཙུང་ཐུང་ཏུའུ་ཁུ་ཡིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོན་པི་ཡའི་མང་ཚོགས་ལ་བརྙན་རིས་བརྒྱུད་དེ་གཏམ་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཞི་བདེ་རྒྱ་མཚོ་ཆེན་པོས་ཀྲུང་གོ་དང་ཁོ་ལོན་པི་ཡའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་འགོག་མི་ཐུབ་ཅིང་། འབྲེལ་བ་བཙུགས་པའི་ལོ་ངོ41རིང་། ཀྲུང་གོ་དང་ཁོ་ལོན་པི་ཡའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། ཀྲུང་གོ་དེ་ཁོ་ལོན་པི་ཡའི་ཕྱོགས་ཀྱི་འཛམ་གླིང་གི་ཉོ་ཚོང་གྲོགས་པོ་ཆེ་ཤོས་གཉིས་པར་གྱུར་བ་དང་། ཀྲུང་གོའི་དངུལ་གཏོང་གི་ཁེ་ལས་ཀྱིས་ཧུར་ཐག་གིས་ཁོ་ལོན་པི་ཡའི་ཁྱབ་ཁོངས་སོ་སོའི་འཛུགས་སྐྲུན་ཁྲོད་ཞུགས། ཕྱོགས་གཉིས་ཀྱིས་མི་ཚུལ་བརྗེ་རེས་སྤེལ་ཞིང་། ཀྲུང་གོ་དང་ཁོ་ལོན་པི་ཡའི་མཛའ་བརྩེ་གཏིང་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གློ་བུར་དུ་བྱུང་བའི་པྲོག་གསར་རིམས་ནད་ལ་གདོང་གཏད་དེ། རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲིལ་རོགས་སྒྲུབ་དང་། དཀའ་བ་ཁྱད་དུ་བསད་དེ། ཧུར་ཐག་གིས་རིམས་འགོག་མཉམ་ལས་སྤེལ། ཏག་ཏག་སྔོན་དུ། ཁོ་ལོན་པི་ཡའི་ཕྱོགས་ཀྱིས་སྐོར་རིམ་གཉིས་ཀྱི་ཀྲུང་གོའི་འགོག་ཁབ་ཉོ་བསྡུ་བྱས་ཏེ་འབྱོར་ཡོང་བ་དང་། དེ་རིང་ཡང་འགོག་ཁབ་སྐོར་ཞིག་འབྱོར་ཡོང་ཞིང་། དེས་ཁོ་ལོན་པི་ཡའི་རྒྱལ་ཡོངས་ཀྱི་པྲོག་གསར་རིམས་ནད་འགོག་ཁབ་རྒྱག་པའི་འཆར་གཞིར་རོགས་སྒྲུབ་བྱས། ཀྲུང་གོ་དང་ཁོ་ལོན་པི་ཡའི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། མི་དམངས་ཀྱིས་མཉམ་དུ་རིམས་ནད་འགོག་བཅོས་སོགས་ཁྱབ་ཁོངས་ཀྱི་མཛའ་བརྩེ་མཉམ་ལས་ལ་ཤུགས་བསྣན་ནས། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས་ཀྲུང་གོ་དང་ཁོ་ལོན་པི་ཡའི་མཉམ་ལས་དེ་མུ་མཐུད་དུ་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་པའི་རེ་བ་བཏོན།  

ཉིན་དེར། ཕྱི་རུ་རྟོག་ཞིབ་བྱེད་བཞིན་པའི་ཙུང་ཐུང་ཏུའུ་ཁུ་ཡིས་ཆེད་དུ་དམིགས་བསལ་མཛད་སྒོ་སྤེལ་ཏེ། རྒྱལ་ཡོངས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་སྒྲོག་སྤེལ་བྱས། ཏུའུ་ཁུ་ཡིས་བསྟན་དོན། ཀྲུའུ་ཞི་ཅིན་ཕིང་དང་སྤུན་ཟླ་ཀྲུང་གོ་མི་དམངས་ཀྱིས་ཁོ་ལོན་པི་ཡའི་མི་དམངས་ཀྱི་མཛའ་བརྩེ་དང་ཁོ་ལོན་པི་ཡའི་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།