ཀྲུང་གོ་བོད་ཀྱི་དྲ་བ།

ཞང་ཀང་གི་ལས་རིགས་སོ་སོས་འདེམ་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ནས་ཞང་ཀང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མར་ཉིན་འགའི་རིང་ལ། ཞང་ཀང་གི་སྤྱི་ཚོགས་ཚོགས་པ་མང་པོས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་སོགས་བྱ་འགུལ་སྤེལ་ནས། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་གཏན་ཁེལ་གྱི་གོ་དོན་ཁྱོན་ཡོངས་དྲིལ་སྒྲོག་དང་འགྲེལ་ཀློག་བྱས། ཁོ་ཚོས་བསྟན་དོན། རྒྱལ་གཅེས་པས་ཞང་ཀང་བཅོས་སྐྱོང་བྱེད་པའི་རྩ་དོན་ལག་བསྟར་བྱེད་པ་དང་། ཞང་ཀང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་སྐུལ་འདེད་གཏོང་བ་དེས། ཞང་ཀང་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བསྩལ་ཟེར།

ཚེས་བཅུ་དགུ་ཉིན། ཞང་ཀང་དང་ཞ་མིན་མཐུན་འབྲེལ་སྤྱི་ཁྱབ་ལྷན་ཚོགས་སོགས་སྤྱི་ཚོགས་ཚོགས་པ་མང་པོས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གྲོས་ཚོགས་བསྡུས་ཏེ། ཞང་ཀང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་གཏན་ཁེལ་མཉམ་སྤྱོད་འདུ་ཤེས་དང་འགྲེལ་ཀློག་ལ་ཉན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།