ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུ་ཉིན་བར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་གཉིས་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།

    སྤེལ་དུས། : 2021-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན།  ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་གཉིས་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  ཚང་མ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ། རང་ས་གནས་ཀྱི་ནད་པ་གཅིག་ཀྱང་མེད།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་དགུ་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་སུམ་བརྒྱ་དང་བདུན་ཅུ་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་སྡུར་ན་འདྲ་མཉམ་རེད།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་རེ་གསུམ་ཡོད་ལ།  བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་ལྔ་དང་བརྒྱ་དང་གོ་ལྔ་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་ལྔ་དང་སོ་གཉིས་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

 ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་ཉེར་བཞི་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་དོན་གཅིག་ཡོད་པ་དང་། ནད་པ་ཁྲི་གཅིག་དང་བརྒྱད་བརྒྱ་རེ་གསུམ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་ཉིས་བརྒྱ་དང་གསུམ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་བརྒྱད་ཡོད་པ་དང་། ནད་པ་ཞེ་བདུན་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་སྟོང་གཅིག་དང་ལྔ་ཡོད་པ་དང་ནད་པ་དགུ་བརྒྱ་དང་རེ་གཅིག་སྨན་ཁང་ནས་ཕྱིར་བུད་ཡོད་ལ། ནད་པ་བཅུ་རྐྱེན་ལམ་ཤོར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།