ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2021ལོའི་ལོ་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་ཡུན་ཉིན་གསུམ་ཡིན་པའི་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2021ལོའི་ལོ་ཚོགས་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་དྲ་ཐོག་དང་ཡུལ་དངོས་ནས་མཉམ་དུ་བསྡུས། སྐབས་འདིའི་ལོ་ཚོགས་ཀྱིས་དེང་རབས་ཅན་ཀྱི་འཐབ་ལམ་གསར་བར་ཞུགས་པའི་ཀྲུང་གོ་བརྗོད་དོན་དུ་བྱས་ཡོད། གླེང་སྟེགས་ཀྱི་གྲོས་དོན་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར། ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར། གྲོང་གསེབ་དར་སྤེལ། འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་སོགས་ནང་དུ་འདུ་བའི་མིག་སྔའི་གླེང་གཞི་མང་པོ་དང་འབྲེལ།

འཛམ་གླིང་བཟོ་ཚོང་ལས་རིགས་འགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ། རྒྱལ་ཁབ་ཕྱི་ནང་གི་རིག་གནས་པ་དང་ཁེ་ལས་པ་བཅས་ཀྱིས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་མ་དཔེ་གསར་བ་འཛུགས་པར་དམིགས་ནས། 2021ལོ་དང་ཐ་ན་མ་འོངས་པའི་ལོ་ལྔ་ནང་གི་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་སྲིད་ཇུས་ཀྱི་འགྲོ་ཕྱོགས། བཅོས་བསྒྱུར་ཁྱབ་ཁོངས་གཙོ་བོ་སོགས་ལ་ཞིབ་སྡུར་བྱས། ལས་རིགས་སོ་སོའི་ཀྲུང་གོའི་འཕེལ་རྒྱས་ཐད་ཀྱི་གྲོས་གཞི་ལ་ཉན་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་འགྲེལ་བཤད་བྱས་ལ། འཛམ་གླིང་ཡོངས་ཀྱི་ཁེ་ལས་ལས་རིགས་དང་ཀྲུང་གོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་ཇེ་དྲག་ཏུ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།