ཀྲུང་གོ་བོད་ཀྱི་དྲ་བ།

​སྐབས་བཞི་བའི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་མཐོ་རིམ་གྲོས་ཚོགས་ཟླ4བའི་ཚེས25ཉིན་ནས་ཚེས26ཉིན་བར་ཧྥུའུ་ཀྲོའུ་ནས་ཚོགས་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཝེ་ཡིས་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གི་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་ངོ་སྤྲོད་བྱས་པ་ལྟར་ན། སྐབས་བཞི་བའི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་མཐོ་རིམ་གྲོས་ཚོགས་ཟླ4བའི་ཚེས25ཉིན་ནས་ཚེས26ཉིན་བར་ཧྥུའུ་ཀྲོའུ་ནས་བསྡུ་རྒྱུ་ཡིན་ཞིང་། མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་བྱ་ནི་གཞི་གྲངས་རྒྱུ་ཆའི་འགུལ་ནུས་གསར་བ་སྐུལ་སྤེལ་བྱས་ཏེ་གྲངས་འཛིན་ཀྲུང་གོའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་མགོ་རྩོམ་རྒྱུ་དེ་ཡིན། ད་ལོར་མུ་མཐུད་དུ་དྲ་ཐོག་གི་མཐོ་རིམ་གྲོས་ཚོགས་སྟེགས་བུ་བཙུགས་ཏེ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་ཀྱི་ཐབས་ལམ་བརྒྱུད་དེ་འབྲེལ་ཡོད་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།