ཀྲུང་གོ་བོད་ཀྱི་དྲ་བ།

འོས་འགན་སློབ་གསོའི་སྤུས་ཚད་དཔྱད་འཇོག་ཕྱོགས་སྟོན་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱུགས་ལེན་གྱི་ཨང་རིམ་དང་སྐར་གྲངས། སློབ་རིམ་འཕར་ཚད་འདི་དག་ནི་སློབ་གྲྭ་འབྲིང་ཆུང་གི་དཀའ་གནད་ཡིན་ཞིང་། དེང་སྐབས་དཀའ་གནད་དེ་དག་ཅུང་ཞི་ལྷོད་དུ་བཏང་ཡོད། སློབ་གསོ་པུའུ་ཡིས་ཚེས18ཉིན་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། སློབ་གསོ་པུའུ་སོགས་སྡེ་ཁག་དྲུག་གིས་མཉམ་འབྲེལ་སྒོས《འོས་འགན་སློབ་གསོའི་སྤུས་ཚད་དཔྱད་འཇོག་ཕྱོགས་སྟོན》དཔར་འགྲེམ་བྱས་ཏེ། མགྱོགསམྱུར་ངང་སྤུས་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ་དེ་ཁ་ཕྱོགས་ཡིན་པའི་འོས་འགན་སློབ་གསོའི་སྤུས་ཚད་དཔྱད་འཇོག་མ་ལག་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན།

འོས་འགན་སློབ་གསོའི་སྤུས་ཚད་དཔྱད་འཇོག་མ་ལག་ལ་རྫོང་ཁོངས་དང་སློབ་གྲྭ སློབ་མ་བཅས་ཕྱོགས་གསུམ་འདུས་པ་དང་། རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་སྤུས་ཚད་དཔྱད་འཇོག་ལ་རིན་ཐང་ཁ་ཕྱོགས་དང་། རྩ་འཛུགས་མགོ་ཁྲིད། སློབ་ཁྲིད་ཆ་རྐྱེན། དགེ་རྒན་དཔུང་ཁག དོ་མཉམ་འཕེལ་རྒྱས་སོགས་འདུ་ཞིང་། སློབ་གྲྭའི་སློབ་སྒྲུབ་སྤུས་ཚད་དཔྱད་འཇོག་ལ་གཙོ་བོ་སློབ་སྒྲུབ་ཁ་ཕྱོགས་དང་བསླབ་གཞི་སློབ་ཁྲིད། དགེ་རྒན་འཕེལ་རྒྱས། སློབ་གྲྭའི་དོ་དམ། སློབ་མའི་འཕེལ་རྒྱས་སོགས་འདུས། སློབ་མའི་འཕེལ་རྒྱས་སྤུས་ཚད་དཔྱད་འཇོག་ལ་གཙོ་བོ་སློབ་མའི་ཀུན་སྤྱོད་འཕེལ་རྒྱས་དང་སློབ་གཉེར་འཕེལ་རྒྱས། ལུས་སེམས་འཕེལ་རྒྱས། མཛེས་དཔྱོད་བྱང་ཚད། ངལ་རྩོལ་དང་སྤྱི་ཚོགས་ལག་ལེན་སོགས་འདུས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།