ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ་ཚན་རྩལ་གསར་གཏོད་ཐད་རྒྱབ་སྐྱོར་བྱས་པའི་དཔྱ་ཁྲལ་ཆག་ཡང་བཏང་བ་བསྡོམས་པས་སྒོར་དུང་ཕྱུར2.5ལས་བརྒལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱིས་མུ་མཐུད་དུ་ཚན་རྩལ་གསར་གཏོད་ཀྱི་ཁྲལ་བསྡུ་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་། ཁྲལ་བསྡུས་གསར་གཏོད་ལ་སྐུལ་མ་གཏོང་བའི་ཤུགས་ཚད་ཆེ་རུ་བཏང་། གཞི་གྲངས་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཁྲལ་བསྡུའི་སྲིད་ཇུས་ཆག་ཡང་བཏང་བའི་མ་དངུལ་ལོ་རེར་ཆ་སྙོམས་ཀྱིས28.5%འཕར་བ་དང་། ལོ5ནང་ཁྱོན་བསྡོམས་དཔྱ་ཁྲལ་ཆག་ཡང་དུ་བཏང་བ་སྒོར་དུང་ཕྱུར་ཁྲི2.54ལ་སླེབས། ཁྲལ་བསྡུའི་གཟིགས་སྐྱོང་གིས་ལས་བསྣོན་ལས་རིགས་དང་མཐོ་གསར་ལག་རྩལ་ཞབས་ཞུ་ལས་རིགས། བརྡ་འཕྲིན་བརྒྱུད་སྐྱེལ་དང་། བརྡ་འཕྲིན་ལག་རྩལ་ཞབས་ཞུ་ལས་རིགས། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུ་བཅས་ལས་རིགས་ཆེན་པོ་གསུམ་ལ་དཔྱ་ཁྲལ་ཆག་ཡང་བཏང་བའི་མ་དངུལ་གྱིས་བཅུ་ཆའི་དགུ་ཟིན།

རྒྱལ་ཡོངས་ཀྱིས་གསར་སྤེལ་ཐད་བཀོལ་བའི་འགྲོ་གྲོན་གྱི་ཁྲལ་རིགས་མེད་པར་བཟོས་པའི་སྲིད་ཇུས་ལོངས་སྤྱོད་བྱེད་པའི་ཁེ་ལས་གྲངས་ཀ2015ལོའི་ཁྲི5.3ནས2019ལོའི་ཁྲི33.9ལ་འཕར་བ་དང་། ལོ5ཡི་ནང་ལྡབ5.4ཇེ་ཆེར་སོང་ཞིང་། དཔྱ་ཁྲལ་ཆག་ཡང་བཏང་བ་སྒོར་དུང་ཕྱུར726ནས་སྒོར་དུང་ཕྱུར3552ལ་འཕར་བ་དང་། 2020ལོར་སྒོར་དུང་ཕྱུར3600ལ་སླེབས་ནས་ལོ་རེར་ཆ་སྙོམས་ཀྱིས37.8%འཕར།

གསར་སྤེལ་ཐད་བཀོལ་བའི་འགྲོ་གྲོན་གྱི་ཁྲལ་རིགས་མེད་པར་བཟོ་བའི་ཤུགས་ཚད་མུ་མཐུད་དུ་ཆེ་རུ་བཏང་བ་དེས་ཕན་ནུས་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་གསར་སྤེལ་དངུལ་གཏོང་ཤུགས་ཚད་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ཤིང་། རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཞིབ་འཇུག་དང་ཚོད་ལྟའི་འགྲོ་གྲོན་དེ2015ལོའི་སྒོར་དུང་ཕྱུར་ཁྲི1.42ནས2020ལོའི་སྒོར་དུང་ཕྱུར་ཁྲི2.44ལ་འཕར་བ་དང་། ལོ་རེར་ཆ་སྙོམས་ཀྱིས་གྲངས་གནས་གཉིས་ཀྱི་འཕར་བསྣོན་བྱུང་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།