ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་སྒྲུབ་ཁང་གིས2020ལོའི་ཁྲིམས་སྐྱོང་ཞིབ་བཤེར་ལན་སློག་བྱ་བ་མགོ་བརྩམས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་གཞུང་སྒྲུབ་ཁང་གིས2020ལོའི་ཁྲིམས་སྐྱོང་ཞིབ་བཤེར་ལན་སློག་བྱ་བ་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། གསར་འགོད་པས་ཚེས17ཉིན་ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་གཞུང་སྒྲུབ་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་གཞུང་སྒྲུབ་ཁང་གིས2020ལོའི་འགན་ཁུར་མི་སྣ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་འགན་དང་པོ་དང་། ཁྲིམས་ལྟར་སྲིད་གཞུང་འཛུགས་སྐྲུན་ཡུལ་དངོས་སུ་ཞིབ་བཤེར་ལན་སློག་ལེགས་བཅོས་བྱ་བ་མགོ་བརྩམས།

ན་ནིང་གི་ཟླ11པར། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་གཞུང་སྒྲུབ་ཁང་གིས་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་ཁྲིམས་ལྟར་འགན་ཁུར་བའི་ལས་འགན་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གནས་ཚུལ་དང་དམ་དུ་འབྲེལ་ཏེ། ནང་སོག་དང་། ཧེ་ལུང་ཅང་། ཧྲང་ཧའེ། ཅང་སུའུ། ཧྲན་ཏུང་། ཀོང་ཞི། ཧའེ་ནན། མཚོ་སྔོན་སོགས་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བརྒྱད་དུ་ཁྲིམས་སྐྱོང་ཞིབ་བཤེར་སྤེལ།

ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་ཞིབ་བཤེར་ལན་སློག་ཚན་ཆུང་གིས་ཞིང་ཆེན་དང་ཁུལ། གྲོང་ཁྱེར་བརྒྱད་དུ་ཡུལ་དངོས་ལན་སྒོག་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་གྱི་ས་ཆའི་གནད་དོན་ལེགས་བཅོས་དོན་འཁྱོལ་བྱས་ཏེ། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་ལས་འགན་ཤུགས་དྲག་ཏུ་བཏང་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཐད་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་རྒྱུ་རེད། 

ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་གཞུང་སྒྲུབ་ཁང་གི་བླང་བྱ་ལྟར་ན། ཞིབ་བཤེར་བྱས་པའི་ས་གནས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལེགས་བཅོས་ཀྱི་ཕན་འབྲས་དང་ས་གནས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ནུས་ཤུགས་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་པར་བཟུང་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་ཤུགས་དང་།ཆབ་སྲིད་ཀྱི་གོ་རྟོག་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པའི་ཚད་འཇལ་མཐོ་རུ་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅུ་བཞི་བ”དུས་སྐབས་མགོ་ལེགས་པོ་ཞིག་རྩོམ་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། “གཏན་འཇགས་དྲུག”གི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཁྱོན་ཡོངས་ནས“འགན་སྲུང་དྲུག་གི”ལས་འགན་དོན་འཁྱོལ་ཡོང་བར་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།། 



རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།